༸གོང་ས་མཆོག་གིས་ཞི་བདེའི་དུས་སྟོན་ཞེས་པ་དབུ་འབྱེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ནང་ཞི་བདེའི་དུས་སྟོན་དབུ་འབྱེད་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

2010.09.30

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཟླ་བ་རྗེས་མའི་ཚེས་༡༠ཉིན་ཏེཇ་གྱན་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་གྱི་པུ་ནེ་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་སོ་ནམ་ཞིང་ལས་ཀྱི་མཐོ་རིམ་སློབ་གྲ་ཆེན་མོའི་རྩེད་ཐང་སྟེང་ བོད་ཀྱི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་Happy Thoughts World Peaceའམ་དགའ་སྐྱིད་ལྡན་པའི་འཛམ་གླིང་ཞི་བདེ་ཅེས་པའི་དུས་སྟོན་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་

དུས་སྟོན་འདི་བཞིན་ཏེཇ་གྱན་ཐེབས་རྩ་ཁང་གིས་༢༠༡༠ལོར་རྒྱ་གར་རྒྱལ་ཡོངས་ཐོག་རེ་མོས་བཞིན་དུ་འཛམ་གླིང་ཞི་བདེ་ཞེས་པའི་ལས་འགུལ་གྱི་མཇུག་སྡོམ་ཡིན་པ་དང་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ དགའ་སྐྱིད་ལྡན་པའི་འཛམ་གླིང་ཞི་བདེ་ཞེས་པའི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་ཁབ་ཕན་ཚུན་དབར་ཞི་བདེ་མཉམ་གནས་སྐོར་བཀའ་སློབ་གསུང་བཤད་གནང་རྒྱུ་དང་ དེ་མིན་དུས་སྟོན་དེའི་ཐོག་Dr. Kiran Bediཞུ་བས་ཞི་བདེ་དང་བེུད་སྐོར་གསུང་བཤད་གནང་རྒྱུ་དང་ Dr. Vijay Bhatkarནས་ཞི་བདེ་དང་ཚན་རིག་སྐོར་དང་ ཡང་སྐུ་ཞབས་S.B. Mujumdarཞུ་བས་ཞི་བདེ་དང་སློབ་གསོ་བཅས་ གང་ལྟར་འཛམ་གླིང་ཞི་བདེ་དང་འབྲེལ་བའི་གནད་དོན་སྣེ་མང་ཐོག་སྐུ་མགྲོན་རྣམ་པ་ཚོའི་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད་

དགའ་སྐྱིད་ལྡན་པའི་འཛམ་གླིང་ཞི་བདེའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་པུ་ནེ་གྲོང་ཁྱེར་རུ་འཛམ་གླིང་ཞི་བདེར་ཕན་པའི་དུས་སྟོན་དེའི་ཐོག་མི་མང་ཆིག་འབུམ་ཙམ་འདུ་འཛོམས་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད་འདུག་ལ་ དེ་བཞིན་མཛད་རིམ་དེ་དག་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་སྲིང་ཞུ་འཆར་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་སྟོན་དབུ་འབྱེད་ཀྱི་གསུང་བཤད་གནང་མཚམས་སུ་ཏེཇ་གྱན་ཐེབས་རྩ་ཁང་ནས་རྒྱ་གར་གྱི་གྲོང་ཁྱེར་༥༠སྐོར་ཞིག་ནང་ཞི་བདེ་གོང་འཕེལ་གྱི་ལས་འགུལ་དུས་ཅིག་ཏུ་སྤེལ་རྒྱུ་ཡིན་པའི་སྐོར་གསལ་འདོན་བྱས་བཞག་༎ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎