༸གོང་ས་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ།
2012.06.16
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་གྲོང་ཁྱེར་མན་ཅེས་ཀྲར་ནང་ཞབས་བསོར་འཁོད་སྐབས་སེལ་ཕོདྲ་གྲོང་ཁྱེར་སྤྱི་ཁྱབ་ནས་ཕེབས་བསུ་བཅར་བ་དང༌། ༸གོང་ས་མཆོག་གིས་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དབྱིན་ཡུལ་ནང་ཡང་བསྐྱར་ཡོང་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་དང༌། བཟང་སྤྱོད་གོང་སྤེལ་དང་ཆོས་ལུགས་འཆམ་མཐུན་སོགས་འགན་འཁུར་གཙོ་བོ་གསུམ་སྐོར་བཀའ་གནང་འདུག
དེ་རྗེས་གསར་འགོད་པའི་དྲི་བའི་སྐབས་སུ། བོད་ཀྱི་གནད་དོན་དེ་རྙིང་པ་ཞིག་ཡིན་རུང་ད་དུང་ཡང་བོད་དོན་ཐོག་དོ་སྣང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་དང༌། གཞུང་འཛིན་རིམ་པའི་རྒྱབ་སྐྱོར་ཡང་གང་ལེཌ་ཡོད་སྐོར་བཀའ་ལན་བསྩལ་བ་དང་སྦྲཌ། ཨེ་ཤ་ཡའི་མི་མང་ཐེར་འབུམ་མང་པོའི་འཚོ་རྟེན་དང་འབྲེལ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་འདུག
དེ་རྗེས་གོང་ས་མཆོག་ནས་ཚོང་ལས་ནང་བཟང་སྤྱོད་དགོས་གལ་ཆེ་སྐོར་ཡོཀ་ཤཡར་ནང་འཚོགས་པའི་རྒྱལ་སྤྱིའི་ཚོང་པའི་ཚོཌ་ཆེན་ཐོག་བཀའ་སློབ་སྩོལ་སྐབས། ལོ་རབས་བརྒྱད་བཅུ་དགུ་བཅུའི་ནང་དངུལ་བཟོ་རྒྱུ་ཁོ་ནར་རྔམས་པ་ལས་དེང་སྐབས་འཛམ་གླིང་ནང་དཔལ་འབྱོར་དཀའ་ངལ་ཡོང་གཞིའི་ས་བོན་བཏབ་པ་དང༌། དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་དེ་ནི་མིའི་འདོད་རྔམ་ཆེ་བ་དང་མིག་རྒྱང་ཐུང་ངུའི་བསམ་བློ་གཏོང་ཕྱོགས་ལས་བྱུང་བའི་སྐོར་བཀའ་གནང་འདུག།