༸གོང་ས་མཆོག་ནས་ཆོས་ལུཊ་ཁོ་ནའི་དབུ་ཁྲིད་གནང་རྒྱུ།

༧གོང་ས་མཆོག་ནས་སྐུ་ཉིད་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་འོས་འདེམས་བྱས་པའི་བཀའ་ཁྲིར་རྩིས་སྤྲོད་གནང་རྒྱུ་བཀའ་ལན་བསྩལ།

2011.04.30

༄༅༎རྒྱ་གར་གྱི་ཚགས་ཤོག་རྒྱ་གར་གྱི་དུས་བབ་ཅེས་པའི་ཐོག་གནས་ཚུལ་སྤེལ་བའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནསསྐུ་ཉིད་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་ཀྱི་སྐུ་དབང་བཙན་བྱོལ་བོད་མི་ཚོས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་རྒྱུ་དང་  ཡིན་ནའི་༧གོང་ས་མཆོག་གིས་ཏྭ་ལའི་བླ་མའི་མཚན་ཐོག་ནས་མུ་ཐུད་ཆོས་ལུགས་ཁོ་ནའི་དབུ་ཁྲིད་གནང་རྒྱུ་ཡིན་པ་གཟའ་པ་སངས་ཉིན་ཉི་ཧོང་གི་ཀྱིཡོ་ཌོ་གསར་འགྱུར་རྒྱུད་ལམ་གྱི་བཀའ་འདྲིར་བཀའ་ལན་སྩལ་གནང་མཛད་ཡོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༨དང་༢༩བཞུགས་བཞག་གཉིས་རིང་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་ནང་དུ་གུ་གུ་ཇི་དགོན་པའི་ནང་ཉེ་ཆར་ཉི་ཧོང་ནང་ས་ཡོམ་དང་མཚོ་རླབས་ཀྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་སྐྱབས་ཇུག་གནང་ཡོད་པ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲདི་དང་འཛིན་སྐྱོང་ཀྱི་སྐུ་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་རྒྱུ་དེ་ད་ཆ་དུས་ལ་བབ་པ་ཞིག་ཡིན་པར་དགོངས་བཞེས་གནང་གི་ཡོད་པ་དང་དེའི་ཐོག་བོད་མི་མང་ཚོགས་མང་ཆེ་བས་བསམ་ཤེས་ཐུབ་ཀྱི་ཡོད་པ་བཀའ་སྩལ་གནང་མཛད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎