༸གོང་ས་མཆོག་ནས་ས་ཡོམ་གོད་ཆཌ་ཕོག་མིར་ཐུཌ་སྨོན་སྩལ་བ།

འདམ་གཞུང་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་པའི་འོག་གོད་ཆགས་བྱུང་བ་རྣམས་ཀྱི་ཆེད་༸གོང་ས་མཆོག་གིས་ཐུགས་སྨོན་སྩལ་གནང་བ།

2008.10.07

༄༅༎རེས་གཟའ་ཟླ་བའི་ཉིན་བོད་ཀྱི་འདམ་གཞུང་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་པའི་འོག་གོད་ཆགས་བྱུང་བ་རྣམས་ཀྱི་ཆེད་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་མིག་དམར་ཉིན་ཐུགས་སྨོན་དང་སེམས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད།

གསུང་འཕྲིན་གྱི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་བཅུ་པའཔི་ཚེས་དྲུག་ཉིན་ས་ཡོམ་གྱི་གོད་ཆགས་དེས་རྐྱེན་པས་འདམ་གཞུང་ས་ཁུལ་དང་ལྷ་སའི་ནུབ་ཕྱོགས་ཀྱི་ཉེ་འཁོར་ས་ཁུལ་དུ་འཆི་སྐྱོན་བྱུང་བ་དང་རྒྱུ་དངོས་གྱོང་གུན་བྱུང་བར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ ང་ཚོས་རྐྱེན་ངན་དེའི་ནང་འཆི་སྐྱོན་བྱུང་ལ་དེ་དག་ལ་གསོལ་བ་སྨོན་ལམ་རྒྱག་རྒྱུ་དང་རྗེས་ཤུལ་གྱི་ནང་མི་ཚོ་དང་རང་བྱུང་གོད་ཆགས་ཕོག་ཡུལ་རྣམས་ལ་སེམས་གསོའི་འཚམས་འཕྲིན་ཡོད་ཅེས་བཀའ་གནང་པ་དང་ད་དུང་གསུང་འཕྲིན་དེའི་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་ངོས་རང་སེམས་འཚབ་ཆེན་པོ་ཡོད་ཅིང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གནོད་འཚེ་ཕོག་པའི་ས་ཁུལ་ཁག་ལ་རྒུད་སྐྱོབས་ཀྱི་མཐུན་འགྱུར་ཞུ་རྒྱུའི་ཐབས་ལམ་ཞིག་འཚོལ་བཞིན་ཡོད་ཅེས་བཀའ་གནང་ཡོད་པ་རེད་

ཁ་སང་བོད་ནང་གི་ས་ཡོམ་འགུལ་ཚད་གྲངས་ཆུང་དྲུག་དང་ཚག་དྲུག་བརྒྱབ་པ་དེའི་འོག་ད་བར་མི་གྲངས་དགུ་ཙམ་འཆི་སྐྱོན་བྱུང་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་ཡོད་ཅིང་ཤིན་ཧ་གསར་འགྱུར་ལས་ཁང་གིས་དེའི་གོང་ས་ཡོམ་དེས་རྐྱེན་པས་མི་གྲངས་གསུམ་བཅུ་སྐོར་འཆི་སྐྱོན་བྱུང་བའི་གནས་ཚུལ་ཞིག་ཀྱང་སྤེལ་ཡོད་པ་རེད་ དེ་བཞིན་གནས་ཚུལ་ཐོན་པར་གཞིགས་ན་འདམ་གཞུང་ས་ཁུལ་དུ་ས་ཡོམ་གྱིས་རྐྱེན་པས་ཁང་པ་དང་སྡོད་ཁང་སོགས་གྲངས་ཉིས་བརྒྱ་ལྷག་ཐོར་ཞིག་ཏུ་ཕྱིན་ཡོད་འདུག

འདས་གྲོངས་སུ་ཕྱིན་པ་མང་ཆེ་བ་བེུད་དང་ཕྲུ་གུ་དེ་བཞིན་རྒན་འཁོགས་སོགས་ཡིན་འདུག་ལ་དེ་རིང་གཟའ་མིག་དམར་ཉིན་ལྷ་སའི་ཁུལ་གྱི་སློབ་གྲ་ཡོངས་རྫོགས་ཉེན་སྲུང་ཆེད་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎