༸གོང་ས་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ཡུལ་གྲུ་སྦེལ་ཇེམ་གྱི་སྲིད་བློན་ཨི་ལྦེསི་ལེར་མེ་མཆོག་མཇལ་འཕྲད་གནང་ཡོད་པ་རེད།

2008.12.03

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེལ་ཇེམ་སྲིད་བློན་ཨི་ལྦེསི་ལེར་མེ་མཆོག་མཇལ་འཕྲད་གནང་ཡོད་པ་རེད།

ད་ལམ་༸གོང་ས་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ལ་ཆིབས་བསྒྱུར་དང་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་བར་བརྟེན་རྒྱ་ནག་གཞུང་ཁོང་ཁྲོ་རབ་ཏུ་འབར་ཏེ་སྔོན་གཏན་འཁེལ་བའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འགོ་ཁྲིད་དབར་ལྷན་ཚོགས་གནང་རྒྱུ་ཕྱི་བཤོལ་གནང་ཡོད་པ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་འཛམ་གླིང་ཁྱོན་ཡོངས་སུ་དར་ཁྱབ་འགྲོ་བཞིན་པ་དང་ཆབས་ཅིག་ས་ཕྱོགས་གང་དུ་ཕེབས་ཀྱང་གང་གི་མཛད་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་པ་མ་ཟད་དབུ་ཁྲིད་དང་གྲགས་ཅན་མི་སྣ་ཁག་གིས་མཇལ་འཕྲད་ཞུ་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ན་རྒྱ་ནག་མཉམ་དུ་ཕྱི་འབྲེལ་ལ་གནོད་སྐྱོན་ཡོང་གཞི་ཆགས་ཀྱི་ཡོད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། ༸གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞབས་སོར་འཁོད་སྐབས་སྲིད་འཛིན་ཟུར་པ་དང་ནོ་བེལ་གཟེངས་རྟགས་བཞེས་མི་གྲགས་ཅན་ལྦཁ་ལེལྦན་ཧ་ལྦེལ་དང་སྲིད་བློན་མིའི་རེཀ་ཀྲོ་པོ་ལ་ནེཀ་སོ་སོར་མཇལ་འཕྲད་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་འབྱུང་ཐབས་གནང་བཞིན་པ་དང་དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་རྒྱ་བོད་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་ཐབས་གནང་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎