ཀྲོ་རན་ཀྲོ་རུ་བོད་རིགས་སྤྱི་མཐུན་ཚོཌ་པའི་ཚོགས་ཁང་དབུ་འབྱེད།
2010.10.23
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༣་ཉིན་ཁེ་ན་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོ་རུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གངས་ལྗོངས་ཆོས་ལྡན་གླིང་དབུ་འབྱེད་བཀའ་དྲིན་བསྐྱངས་པ་མ་ཟད། བོད་རིགས་ཡོངས་ལ་བླང་དོར་བཀའ་སློབ་ཟབ་མོ་བསྩལ་གནང་འདུག
ཁ་ས་༧གོང་ས་མཆོག་གིས་གྲོང་ཁྱེར་དེའི་དབུས་སུ་ཆགས་པའི་ཚོགས་ཁང་ཞིག་ཏུ་མི་མང་སྟོང་ཕྲག་སུམ་ཅུ་བརྒལ་བར་འཛམ་གླིང་ཞི་བདེ་འགྲུབ་ཐབས་སྐོར་གསུང་བཤད་གནང་བ་གྲོང་ཁྱེར་གྱི་བརྙན་འཕྲིན་ཁག་ཏུ་ཡོངས་ཁྱབ་བསྟན་འདུག ༧གོང་ས་མཆོག་གིས་དུས་ཡུན་སྐར་མ་ ༩༠་ཙམ་རིང་བཀའ་སློབ་གནང་བར། དེར་འདུས་མི་མང་རྣམས་ཀྱི་ཡིད་དབང་འགུག་པ་བྱུང་འདུག སང་ཉིན་ཕྱི་ཚེས་༢༤དང་༧གོང་ས་མཆོག་གི་ཉིན་མཐའ་མའི་མཛད་འཆར་གཙོ་བོ་དད་ལྡན་རྣམས་ལ་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད༎