༧གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་བཀའ་སློབ།
2011.12.12
༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་རུང་ མི་མང་མང་པོས་རྒྱ་ནག་དམར་པོར་ཞེད་སྣང་སྐྱེས་ཀྱི་ཡོད་པས་ན་རྒྱ་ནག་ལ་རྒྱལ་སྤྱིའི་གུས་བརྩི་ཐོབ་ཀྱི་མེད་སྐོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་ནང་རེས་གཟའ་སྤེན་པའི་ཉིན་ཨེ་ཤེ་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ནང་པའི་དགེ་སློང་ཞིག་ཡིན་མིན་ལ་མ་ལྟོས་པར་སྤྱི་ཚོཌ་རིང་ལུཌ་ལ་ངོ་རྒོལ་གནང་མཁན་ཞིག་མིན་པ་དང་དཔལ་འབྱོར་རྣམ་གཞག་དང་འབྲེལ་ཡོད་རྒྱུ་ནོར་ཆ་བགོས་དོན་དུ་གཉེར་མཁན་མར་ཁེ་སེའི་རིང་ལུཌ་པ་ཞིག་ཡིན་ འོན་ཀྱང་ལེ་ནིན་ཡི་རྗེས་འཇུག་པ་ཞིག་མིན་སྐོར་བཀའ་གནང་འདུག ༧གོང་ས་མཆོག་གིས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་ནང་དེང་སྐབས་དབུལ་ཕྱུག་གཉིས་དབར་བར་ཁྱད་ཧ་ལས་པའི་ཆེན་པོ་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་དེ་ཡིན་པས་བར་ཁྱད་དེ་དམའ་རུ་གཏོང་རྒྱུ་དང་ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་ཉུང་དུ་གཏོང་རྒྱུའི་བསམ་ཞིབ་ནན་ཏན་གཏོང་དགོས་སྐོར་བཀའ་གནང་འདུག་ ཡང་༧གོང་ས་མཆོག་གིས་རྒྱ་ནག་ནང་མང་གཙོའི་ཐོབ་ཐང་མང་བ་དགོས་པ་དང་མང་ཚོཌ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་དགོས་པ་ སྨྲ་བརྗོད་རང་དབང་དགོས་པ་ ཁྲིམས་ཀྱི་དབང་བསྒྱུར་དགོས་སྐོར་བཀའ་མུ་མཐུད་ནས་གནང་བ་མ་ཟད་༧མགོན་པོ་གང་ཉིད་ཀྱི་གྲོཌ་པོ་མང་པོས་རྒྱ་ནག་ལ་བསྡཌ་བརྗོད་བྱེད་ཀྱི་ཡོད་ནའི་རྒྱ་ནག་གི་ལམ་ལུཌ་ལ་ཁོང་ཚོ་ཞེད་སྣང་སྐྱེས་ཀྱི་ཡོད་པ་དང་ཞེད་སྣང་གིས་ཡིད་ཆེས་མེད་པའི་ཀུན་སློང་སློང་གི་ཡོད་པ་དང་ཡིད་ཆེས་བྱེད་མ་ཐུབ་པ་དེས་གུས་བརྩི་མེད་པ་བཟོ་ཡི་ཡོད་པ་དང་རྒྱ་ནག་དང་རྒྱ་མི་རིགས་ལ་གུས་བརྩི་ངེས་པར་དུ་དགོས་སྐོར་ཡང་བཀའ་ནན་པོ་སྩལ་གནང་མཛད་འདུག་ ཅེཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་ནང་ཚོགས་པའི་ཨེ་ཤེ་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ལྷན་ཚོཌ་དེའི་ཚོཌ་མགོན་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་པ་ཆིབས་བསྒྱུར་བཀྲིན་བསྐྱངས་གནང་མཛད་པ་དང་བགྲོ་གླེང་དེའི་ནང་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྦར་ནའདྲ་ཀུཆི་ནར་མཆོག་དང་རྒྱ་ནག་གཞུང་དང་ཆབ་སྲིད་བལྟ་སྤྱོད་ཐ་དད་འཛིན་མཁན་དེང་སྐབས་ཨ་རིའི་ཧའར་ལྦདྲ་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཉམས་ཞིབ་གནང་མཁན་རྒྱ་རིགས་དབྱང་ཅན་ལི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨི་རན་གྱི་བེུད་ལྕམ་ཤི་རིན་ཨེ་སྦ་ཌི་མཆོག་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཟུང་འབྲེལ་རྩོམ་བྲིས་པ་ལྕམ་སིཀྲེ་ཕེ་ནི་ཧེ་སེལ་སོགས་ཆེས་མཐོའི་མི་སྣ་ཁག་ལྷན་བཞུཌ་གནང་ཡོད་པ་རེད་།