ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།

༸གོང་ས་མཆོག་ཨི་ཊ་ལིར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆེན་ཐེངས་ལྔ་པའི་ཚོགས་མགོན་དུ་ཞབས་སོར་འཁོད་པ།

2009.11.19

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་ཨི་ཊ་ལིའི་རྒྱལ་ས་རཱོམ་རུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆེན་ཐེངས་ལྔ་པའི་ཚོགས་མགོན་དུ་ཞབས་སོར་འཁོད་སྟེ་ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇིཡན་ཕེརེང་ཁོ་ཕི་ནི་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པ་དང་འབྲེལ་༸གོང་ས་མཆོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྷན་དང་དུས་ཡུན་ཚོུད་གཅིག་ཙམ་རིང་ཟུར་མཇལ་གནང་པ་སོགས་མཛད་འཕྲིན་དུ་མ་བསྐྱང་གནང་མཛད་བཞིན་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨི་ཊ་ལི་རུ་གཟི་བརྗིད་ལྡན་པའི་མཛད་འཕྲིན་དང་དེ་བཞིན་ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༸གོང་ས་མཆོག་ལ་གུས་བརྩི་ཆེན་པོའི་ཆེ་བསྟོད་དང་སྣེ་ལེན་ཞུ་སྟངས་ཐད་ནས་རྒྱ་ནག་གཞུང་གིས་མི་བཟོས་པའི་སྐྱོན་བརྗོད་བྱས་འདུག དེ་ཡང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ས་བེ་ཅིང་དུ་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་གང་གིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་ཕྱི་རྒྱལ་གསར་འགོད་པ་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དེང་ཨི་ཊ་ལི་རུ་བསྐྱང་གནང་མཛད་པའི་མཛད་འཕྲིན་སྐོར་རྒྱ་ནག་གཞུང་གི་བསམ་ཚུལ་ཇི་ཡོད་བཅར་འདྲི་བྱས་པར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་དང་དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་རྒྱུར་རྒྱ་ནག་གཞུང་གིས་དུས་རྣམ་པ་ཀུན་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་གསལ་འདོན་བྱས་སྟེ་ཨི་ཊ་ལི་གཞུང་ཕྱོགས་ནས་རྒྱ་ནག་གི་བདག་དབང་ལ་བརྩི་བཀུར་ཞུ་དགོས་པའི་དགོས་འདུན་དང་རྒྱལ་ཁབ་གཉིས་ཕྱོགས་ཀྱི་འབྲེལ་བར་ཕན་པའི་ལས་དོན་སྤེལ་དགོས་ལུགས་སྐོར་ལན་འདེབས་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎