༸གོང་ས་མཆོག་གིས་བོད་ཀྱི་གནས་སྟངས་སྐོར་བཀའ་གནང་བ།

༸གོང་ས་མཆོག་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་ཡ་ང་བྱམས་བརྩེ་བྲལ་བའི་དྲག་གནོན་བྱས་པར་སྐྱོན་བརྗོད་གནང་ཡོད་པ་རེད།

2009.06.06

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ཕ་ཕེ་རན་སིའི་རྒྱལ་ས་པེ་རི་སིར་ཆིབས་བསྒྱུར་གནང་མ་ཐག་གསར་འགོད་ལྷན་ཚོགས་ཐོག་བོད་མི་ཚོས་ན་ནིང་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་རྒྱ་ནག་བཙན་འཛུལ་མཁན་གྱི་སྲིད་གཞུང་གིས་བོད་མིའི་ཐོག་ལ་འཛིན་པའི་སྲིད་བྱུས་ཐད་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱས་རྗེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཡ་ང་བྱམས་བརྩེ་བྲལ་བའི་དྲག་གནོན་བྱས་པར་སྐྱོན་བརྗོད་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་པེ་རི་སིའི་རྒྱལ་སྤྱིའི་གནམ་ཐང་ཐོག་ན་ནིང་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ཀྱི་མནའ་བོའི་རྒྱལ་ཁབ་འདི་དང་རྒྱལ་ཁབ་དེའི་མནའ་རབས་ཀྱི་ཤུལ་དང་རིག་གཞུང་བཅས་པར་རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་བཏང་ཡོག་རེད་དགོངས་ཀྱི་འདུག་ཅེས་གསར་འགོད་པ་ཚོར་བཀའ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཤིན་ཏུ་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་ལག་ལེན་བསྟར་གྱི་ཡོད་ཀྱང་རྒྱ་ནག་ནང་གི་རྒྱ་ཆེའི་མི་མང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་དང་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ངོ་མ་ག་རེ་ལག་ལེན་བསྟར་གྱི་ཡོད་མེད་ཤེས་རྟོགས་གང་ཡང་ཡོག་མ་རེད། དེ་འདྲ་ཡིན་དུས་བོད་ནང་གི་དངོས་ཡོད་གནས་སྟངས་མིག་མཐང་ལག་ཟིན་བྱེད་རྒྱུའི་དོན་དུ་ཕྱིའི་རྒྱལ་ཁབ་ཁག་ནས་མི་ཚོས་བཏང་འཛིན་མེད་པར་རང་དབང་ངང་བོད་ནང་ངེས་པར་དུ་བསྐྱོད་དེ་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་དངོས་སུ་ཞིབ་འཇུག་བྱེད་དགོས་ཀྱི་རེད་ཅེས་སྐུལ་འདེད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎