༸གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་བསྐྱངས་པའི་སྐོར།

2009.06.26

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་བསྐྱངས་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་འདུག

བཞུགས་སྒར་རྡ་རམ་ས་ལའི་ནང་ཆོས་གོ་སྒྲིག་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་ཐུན་མོང་ནས་གོ་སྒྲིག་ཞུས་པ་བཞིན་བོད་རིགས་གཞོན་སྐྱེས་རྣམས་ལ་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བཞི་ནས་ཉི་ཤུ་ལྔ་ཉིན་གྲངས་གཉིས་རིང་སླར་ཡང་དམིགས་བསལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པའི་འདུ་འཛོམས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚུགས་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ཀྱི་འཕེལ་རིམ་དང་ལྟ་གྲུབ་གཞི་མཐུན་ཡོད་པའི་ཐོག་ནང་ཆོས་ཉམས་ལེན་བྱེད་ཕྱོགས་སྐོར་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་ཀྱི་ཐོག་མར་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་སུམ་རྟགས་དང་དག་ཡིག་གི་འགྲོ་སྟངས་དང་མི་མཐུན་པར་གནོད་གཞིའི་ཐ་སྙད་གསར་བཟོ་མང་པོ་ཞིག་ཡོད་པ་དང་བོད་ཀྱི་ཤེས་རིག་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡོད་པ་ནི་གནའ་སྔ་མོའི་མཁས་པས་བརྩམས་པའི་བསྟན་ཆོས་ཁག་ནང་ཐ་སྙད་ཀྱི་འགྲོ་སྟངས་ཡོད་པ་དེ་རྣམས་ནོར་འཁྲུལ་མེད་སྟབས་གསར་བཟོ་བྱེད་དགོས་དོན་གང་ཡང་མེད་པའི་ཐོག་གཙོ་སྦྱོང་བྱེད་ཐུབ་པ་ཡག་པོ་ཡོད་ཅེས་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པའི་གཞོན་སྐྱེས་རྣམས་ནས་མ་འོངས་པར་འཛམ་གླིང་སྤྱིའི་འགན་ཁུར་དང་ལྷག་པར་དུ་བོད་པའི་མི་ཞིག་ཡིན་པའི་ཆ་ནས་རྒྱ་ནག་མི་མང་ས་ཡ་མང་པོའི་ཡ་རབས་སྤྱོད་བཟང་སོགས་སྐྱོབ་ཆེད་བོད་མི་རིགས་ཀྱི་གོམས་གཤིས་ཡ་རབས་སྤྱོད་བཟང་དང་ཆོས་རིག་གི་རོགས་རམ་ཐོག་ནས་རྒྱ་ནག་མི་མང་གི་ཡ་རབས་སྤྱོད་བཟང་བརླག་འགྲོ་བཞིན་པ་དེ་རྣམས་ངེས་པར་དུ་སྐྱོབ་ཐུབ་དགོས་རྒྱུའི་བསམ་བློ་རྒྱ་ཆེ་གཏོང་དགོས་སྐོར་བཀའ་སློབ་ཟབ་མོ་སྩལ་གནང་མཛད་འདུག ཐེངས་འདིའི་ནང་ཆོས་ངོ་སྤྲོད་དེའི་ཐོག་རྒྱལ་ཁབ་ཁག་དྲུག་ནས་ཆོས་ཞུ་བ་བཅར་ཡོད་པ་དང་དེ་བཞིན་སེར་སྐྱ་མི་མང་བཅས་མི་གྲངས་བཞི་སྟོང་ལྷག་བཅར་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎