རྒྱ་གར་གྲངས་ཉུང་མི་རིགས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ།

༧གོང་ས་མཆོག་ནས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་སུ་ཕྱི་ཚེས་༡༠འི་སྔ་དྲོ་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ།

2011.08.10

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་སུ་ཕྱི་ཚེས་༡༠འི་སྔ་དྲོ་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་གསུང་བཤད་སྩལ་ཡོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་བཀའ་སློབ་ནང་རྒྱ་གར་ནང་སྲོལ་རྒྱུན་གྱི་རིགས་གཞུང་ཞི་བདེ་དང་ཆོས་ལུགས་ཀྱི་རྨང་གཞི་གཏན་པོ་ཡོད་པར་བརྟེན་ནས་རྒྱ་གར་དེ་བཞིན་འཛམ་གླིང་ནང་ནས་དམངས་གཙོའི་ལམ་ལུགས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་ ཁྱིམ་མཚེས་ཡུལ་གྲུ་ཁག་དང་བསྡུར་ན་ རྒྱ་གར་ནང་དམངས་གཙོའི་ལམ་ལུགས་འོག་ཞི་བདེ་བརྟན་ལྷིང་གི་རྣམ་པ་ཞིག་མངོན་ཐུབ་ཀྱི་ཡོད་པ་བཀའ་སྩལ་ཡོད་ཅིང་ དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཡོངས་ཁྱབ་རང་བཞིན་གྱིས་ནང་སེམས་ཀྱི་ཀུན་སྤྱོད་འཁྱེར་སྟངས་ཐོག་དམིགས་གསལ་ནན་བརྗོད་གནང་བར་ མི་ཁག་ཅིག་གིས་བཟང་སྤྱོད་ཀྱི་གཞི་རྩ་ནི་ཆོས་ལུགས་ཀྱི་རིན་ཐང་ལ་གཞི་བཅོལ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ནི་ནོར་འཁྲུལ་ཡིན་ཞིང་ འཇིག་རྟེན་ཁྱིམ་པའི་བཟང་སྤྱོད་སྤེལ་རྒྱུ་དེ་་ང་ཚོ་འགྲོ་བ་མིའི་རིགས་ཚང་མས་རང་སོ་སའི་ཉམས་མྱོང་དང་རྣམ་པ་ཀུན་དུ་ནས་རང་དང་གཞན་ལ་འགྱུར་བ་གཏོང་ཐབས་བྱ་རྒྱུ་དེ་ཡིན་ཞིང་ བཟང་སྤྱོད་ཀྱི་ཀུན་སློང་མེད་ཚེ་རྒྱ་ནག་དང་རྒྱ་གར་གྱི་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཚབས་ཆེ་ཡོད་པ་ལྟར་ཁྱབ་མདལ་འགྲོ་རྒྱུ་ཡིན་པ་དང་   འཛམ་གླིང་ནང་རྙོག་དྲ་མང་པོ་ཞིག་ནི་མི་ཁག་ཅིག་གིས་་ཀུན་སློན་ངན་པ་བཟུང་ཏེ་བྱ་སྤྱོད་སྤེལ་གྱི་ཡོད་པར་བརྟེན་ནས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་དང་ དེ་དག་སེལ་རྒྱུར་བློ་སྦྱོད་བྱས་ཏེ་ཀུན་སློང་བཟང་པོ་བསྐྲུན་ཐབས་བྱ་རྒྱུ་དེ་གལ་ཆེ་སོགས་བཀའ་སྩལ་གནང་མཛད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎