བོད་རྒྱ་འབྲེལ་མོལ་ཐེངས་བཅུ་པ་གནང་ཐུབ་རེ།

འདི་ལོའི་ལོ་མཇུག་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གི་དབར་བོད་རྒྱ་འབྲེལ་མོལ་ཐེངས་བཅུ་པ་དེ་བསྐྱར་གསོ་ཐུབ་རྒྱུའི་ཐུགས་རེ།

2010.10.15

༄༅༎བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པས་འདི་ལོའི་ལོ་མཇུག་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་གི་དབར་བོད་རྒྱ་འབྲེལ་མོལ་ཐེངས་བཅུ་པ་དེ་བསྐྱར་གསོ་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་རྒྱ་གར་གྱི་ཧིན་རྡུསི་ཐན་ཀྲམསི་གསར་ཤོག་གིས་ཁ་ས་ཕྱི་ཚེས་༡༤་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་འདུག

དེ་ཡང་གསར་ཤོག་དེས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་ལྷན་འབྲེལ་མོལ་ཞུ་རྒྱུར་འབྲེལ་འཐུད་ཀྱིས་གྲ་སྒྲིག་ཆ་ཚང་ཡོད་པ་དང་ འབྲེལ་མོལ་གྱི་དུས་ཚོད་དང་འབྲེལ་མོལ་ཞུ་ཡུལ་གྱི་ས་ཁུལ་རྒྱ་ནག་གཞུང་གི་ཐག་གཅོད་བྱ་རྒྱུ་ཞིག་རེད་ཅེས་བཀའ་གནང་གི་ཡོད་པ་དང་ ཡང་བཀའ་ཁྲི་མཆོག་གིས་ འབྲེལ་མོལ་འགོ་འཛུགས་ཀྱི་དུས་ཚོད་ཁ་གསལ་གསུངས་མེད་ཀྱང་ཕྱི་ཟླ་༡༢་པའི་ནང་གནང་ཐུབ་པའི་ཚོར་སྣང་ཞིག་གསལ་སྟོན་གནང་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད་

ཡང་གསར་ཤོག་དེས་གནས་ཚུལ་མུ་མཐུད་སྤེལ་བའི་ནང་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་ཆུང་ནང་ཡོད་པའི་མཚན་འདོན་མ་གནང་བའི་ཚོགས་མི་ཞིག་གིས་ཐེངས་འདིའི་འབྲེལ་མོལ་ནང་བཀའ་མོལ་གཙོ་བོ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་གི་སྐུ་ཚབ་ལ་གནང་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དོན་ཁག་དང་འབྲེལ་བཀའ་མོལ་ཞུ་འཆར་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎