བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག
2014.01.20

༄༅༎ཕྱི་ལོ་༢༠༡༤ཟླ་༡ཚེས་༢༠ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༡༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་ལྷན་ཚོགས་ཤིག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འདུ་བསྐོང་གནང་བཞག
གོང་ཞུས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་༢༠༡༣ལོར་རྒྱ་གཞུང་གིས་བོད་མི་༡༩༩འཛིན་བཟུང་དང་ཁྲིམས་ཐག་བཅད་ཡོད་པ་དང།ཡང་༢༠༡༣ལོར་༢༠༠༩དང་༢༠༡༠ཡས་མས་ནས་འཇུ་བཟུང་བྱས་པ་མང་པོ་ཞིག་ལ་དུས་བཀག་བཙོན་འཇུག་གི་ལོ་དུས་གཙང་ནས་གློད་བཀྲོལ་བཏང་ཡོད་སྐོར་གསུངས་བཞག། སྤྱིར་བཏང་བོད་མི་ཆབ་སྲིིད་བཙོན་པ་གློད་གྲོལབཏང་བ་ཧ་ཅང་ཉུང་ཉུང་ཡིན་པ་དང།༢༠༡༣ལོར་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ཁང་མང་པོ་ཞིག་སྒོ་བརྒྱབ་ནས་ཟི་ལིང་ནས་ཡུལ་ཤུལ་ཁྲིན་འདུ་རྫོང་།ཉ་མཚོ་དགོན་པའི་དགེ་འདུན་པ་མང་པོ་ཞིག་གློད་བཀྲོལ་བཏང་བ་དཔེ་མཚོན་ཙམ་ཡིན་པ་ལས།སྤྱི་ཡོངས་ཀྱི་ཆ་ནས་བཤད་པ་ཡིན་ན་ད་ལྟའི་སྐབས་འདིར་བཙོན་ཁང་དུ་བོད་པ་ཁྱོན་བསྡོམས་༨༩༣གྱི་མིང་ཐོ་ད་རེས་བཏོན་གནང་བའི་སྙན་ཐོའི་ནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག
ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་སྐོར་ངོ་སྤྲོད་གནང་བའི་ནང། ༢༠༡༣ ལོར་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་མཁན་༢༧ བྱུང་ཡོད་པ་དང། ༢༠༡༢ ལོའི་རང་ལུས་མེར་སྲེག་དང་༢༠༡༣ ལོའི་རང་ལུས་མེར་སྲེག་བར་བསྡུར་བ་གནང་སྐབས་ཁྱད་པར་ཆེན་པོ་དེ་ཙམ་མེད་པ་དང།རང་ལུས་མེར་སྲེག་གཏོང་མཁན་ཚོས་བོད་ལ་རང་དབང་དགོས་པ་དང་། ༸སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་སོགས་དགོས་འདུན་གཅིག་མཚུངས་བསྟོན་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག
ཕྱི་ལོ་༢༠༡༣ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ་དང་། ངལ་རྩོལ་བསྒྱུར་བཀོད་སྐོར་གྱི་དམིགས་བསལ་སྙན་ཐོ་དབྱིན་བོད་གཉིས་ཀའི་ནང་འདོན་སྤེལ་གནང་ཡོད་པ་རེད།།