བཀའ་བློན་ཁྲི་པ་མཆོག་དང་རྒྱ་གར་སློབ་ཕྲུག་བར་བཀའ་བསྡུར།

བཀའ་ཁྲི་མཆོག་གིས་རྒྱ་གར་སློབ་ཕྲུག་ཁག་ཅིག་ལྷན་དུ་སྤྱི་ཚོགས་ནང་འགན་འཁུར་ལེན་ཕྱོགས་དང་འཛིན་སྐྱོང་གི་ལས་དོན་ཐད་བཀའ་བསྡུར།

2009.12.18

༄༅༎དེ་རིང་སྔ་དྲོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་འབྱོར་བའི་རྒྱ་གར་གྱི་མཱ་ཧ་ར་ཤི་ཏྲ་མངའ་སྡེའི་པུའུ་ནེ་གྲོང་ཁྱེར་ནང་དུ་ཡོད་པའི་འཕྲུལ་རིག་སློབ་གཉེར་ཁང་གི་རྒྱ་གར་སློབ་ཕྲུག་དང་མཇལ་འཕྲད་གནང་བ་མ་ཟད། སློབ་ཕྲུག་དེ་དག་དང་ལྷན་དུ་སྤྱི་ཚོགས་ནང་འགན་འཁུར་ལེན་ཕྱོགས་དང་འཛིན་སྐྱོང་གི་ལས་དོན་བྱ་ཕྱོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་རེད།

བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཚོགས་ཁང་ནང་དུ་རྒྱ་གར་གྱི་སློབ་ཕྲུག་དེ་དག་ལ་གསུང་བཤད་གནང་བའི་ནང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་དེའི་ནང་འགོ་ཁྲིད་མཁན་གྱི་ལས་འགན་ནང་ཞུགས་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་དགོས་གལ་ཆེ་བ་ག་རེ་ཚང་དགོས་མེད་ཀྱི་སྐོར་དང་རྒྱ་གར་གྱི་སློབ་ཕྲུག་དེ་དག་མ་འོངས་པར་རྒྱ་གར་གྱི་འཛིན་སྐྱོང་གི་ལས་གནས་དང་འགོ་ཁྲིད་ལས་གནས་ནང་ངེས་པར་དུ་ཞུགས་དགོས་པའི་འབོད་སྐུལ་གནང་བ་མ་ཟད། མ་འོངས་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་འཛིན་སྐྱོང་གི་ལས་གནས་སུ་ཞུགས་རྒྱུ་དེ་ཡིས་མི་ཆོས་འཚོ་མཐུན་ལ་ཞབས་འདེབས་ཞུ་ཐུབ་རྒྱུའི་འགྲོ་ལམ་ཡག་ཤོས་ཡིན་པ་གསུངས་ཡོད་པ་རེད། ལྷག་པར་དུ་སློབ་ཕྲུག་ཚོས་མ་འོངས་པར་འཛམ་གླིང་ནང་འགྲོ་བ་མིའི་རིན་ཐང་དང་རྩ་དོན་གོང་འཕེལ་གཏོང་ཐབས་ཀྱི་སྣེ་ཁྲིད་དམ་འགོ་ཁྲིད་ཐུབ་མཁན་ཞིག་གསོ་སྐྱོང་བྱ་རྒྱུ་གལ་འགངས་ཆེ་བ་ཡིན་པ་དང། དཔེར་ན་བོད་མི་རྣམས་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་བཞིན་དེ་ནི་ཁ་ཡོད་ལག་ཡོད་ཀྱི་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་པ་དང་ཐབས་ལམ་དེ་ནི་རྒྱ་གར་གྱི་མེས་པོ་དམ་པ་མཱ་ཧཏ་མ་གེན་རྡི་མཆོག་གིས་ཀྱང་ལག་བསྟར་གནང་ཡོད་པའི་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་སློབ་ཕྲུག་གི་འཕྲོས་ནས་བཀའ་འདྲི་ཁག་ཅིག་ཞུས་པའི་ནང་མ་འོངས་པར་འགོ་ཁྲིད་ཀྱི་ལས་འགན་གང་འདྲ་ཞིག་དགོས་ཀྱི་རེད་དམ། མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུར་ཕྱག་རོགས་ཞུ་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར། བཀའ་བློན་ཁྲི་པ་མཆོག་གིས་བོད་ཀྱི་གནད་དོན་ཐོག་ལ་དྲང་བདེན་གྱི་གཞི་རྩའི་ཐོག་ནས་འཛམ་གླིང་ནང་འཐབ་རྩོད་དང་དྲིལ་བསྒྲགས་བྱ་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་གར་གྱི་སློབ་ཕྲུག་རྣམས་བོད་དོན་རྒྱབ་སྐྱོར་ཚོགས་པ་མི་འདྲ་ཁག་ནང་མཉམ་ཞུགས་བྱ་རྒྱུ་དང་འགན་འཁུར་ལེན་ཐུབ་པ་བྱ་རྒྱུ་དེ་ནི་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རོགས་ཕན་སྐྲུན་ཐུབ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎