བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཟེར་བ་ཞིག་བལ་ཡུལ་དུ་འབྱོར་བ།

བོད་རང་སྐྱོང་ལྗོངས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཟེར་བ་ཞིག་དང་བལ་ཡུལ་གྱི་མཐོ་རིམ་འགོ་འཁྲིད་ལྷན་དང་མཇལ་འཕྲད་བྱས་འདུག

2009.11.26

༄༅༎བོད་རང་སྐྱོང་ལྗོངས་ཀྱིི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཟེར་བ་ཞིག་བལ་ཡུལ་ནང་སྐོར་བསྐྱོད་དུ་འབྱོར་འདུག་པ་དང་ཁོང་རྣམས་ནས་བལ་ཡུལ་གྱི་མཐོ་རིམ་འགོ་འཁྲིད་ལྷན་དང་མཇལ་འཕྲད་སྐབས་བལ་ཡུལ་ནང་བཅའ་སྡོད་སྐྱབས་བྱོལ་བོད་མི་ཚོའི་ཆབ་སྲིད་ཀྱི་ལས་འགུལ་སྐོར་འདྲི་རྩད་དང་ དེ་བཞིན་བལ་ཡུལ་ལ་བཟའ་བཅའི་རོགས་དངུལ་དང་འཛུགས་སྐྲུན་གྱི་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཚེས་༢༦ཉིན་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་ཚུལ་ནང་གསལ་ལྟར་ན་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་གཞོན་པ་ཧའོ་ཕིང་གི་སྣེ་འཁྲིད་འོག་མི་གྲངས་བཅུ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་ནང་ཉིན་གྲངས་ལྔའི་རིང་ལྟ་སྐོར་རུ་འབྱོར་ཡོད་ཅིང་ ཁོང་རྣམས་ནས་བལ་ཡུལ་གྱི་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་དང་བལ་ཡུལ་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་གྷིར་ཇ་པཱར་ས་རྡེ་ཀོའེ་རེ་ལཱ་དང་དེ་བཞིན་ཕྱི་སྲིད་བློན་ཆེན་སུ་ཇ་ཊ་ཀོའེ་རེ་ལཱ་བཅས་དང་ཐུག་འཕྲད་བྱས་ཡོད་པ་རེད་ རྒྱ་ནག་གི་གཟིགས་སྐོར་སྐུ་ཚབ་ཚོགས་པ་རྣམས་ནས་བལ་ཡུལ་གྱི་འགོ་ཁྲིད་ལྷན་མཇལ་འཕྲད་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བལ་ཡུལ་གྱི་གཞུང་ཚབ་གསར་རྒྱག་ཆེད་བལ་ཡུལ་གྱི་ཤོག་སྒོར་ས་ཡ་༢༡ཙམ་གྱི་རོགས་རམ་དང་ བཟའ་བཅའི་ཆེད་དངུལ་འབོར་ས་ཡ་༣༡ཙམ་གྱི་རོགས་སྐྱོབ་སྤྲོད་རྒྱུ་མ་ཟད་ བལ་ཡུལ་ནུབ་ཕྱོགས་ཁུལ་དུ་གློག་ཤུགས་མེ་ག་ལྦཏ་ཉི་ཤུ་བྱས་པའི་ཆུ་ཤུགས་གློག་ཁང་འཛུགས་བསྐྲུན་གྱི་རོགས་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། རྒྱལ་སྤྱིའི་ཡུལ་ཁག་ཁོང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ལས་ཁུངས་རྟེན་གཞི་བྱེད་མཁན་བལ་ཡུལ་གཅིག་པུ་ཡིན་ཞིང་ སྔ་ལོ་བོད་ཁྱོན་ཡོངས་སུ་ཞི་རྒོལ་རྒྱ་ཁྱབས་བྱུང་སྐབས་བལ་ཡུལ་ནང་གནས་འཁོད་སྐྱབས་བཅོལ་བོད་མི་ཚོས་རྒྱལ་ས་ཀ་ཐ་མན་དྲུ་ནང་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་སྐབས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནོན་ཤུགས་དང་རོགས་སྐྱོབས་ཀྱི་ཁས་ལེན་ལ་བསྟུན་མཁས་བྱས་ཏེ་བལ་ཡུལ་གཞུང་གི་བོད་མི་ཚོའི་ཆབ་སྲིད་ཀྱི་ལས་འགུལ་འཁྲོད་ཆེས་དམ་དྲག་བྱས་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན་ད་རེས་བོད་རང་སྐྱོང་ལྗོངས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་པ་རྣམས་ནས་བལ་ཡུལ་གྱི་སྲིད་བློན་གཙོས་པའི་གཞུང་འབྲེལ་མཐོ་རིམ་འགོ་འཁྲིད་ཚོ་དང་མཇལ་འཕྲད་སྐབས་བལ་ཡུལ་དུ་གནས་འཁོད་སྐྱབས་བཅོལ་བོད་མི་ཚོས་ཡུལ་དེའི་ནང་ཆབ་སྲིད་ཀྱི་ལས་འགུལ་སྐོར་འདྲི་རྩད་ཡང་བྱས་ཡོད་པ་རེད་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎