ཕག་པའི་རིམས་ནད་ཀྱི་ཉེན་ཁའི་སྐོར།

འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་ཕག་པའི་རིམས་ནད་དེ་ནི་ནམ་དུས་ཀྱི་ཆམ་ཚད་དང་བསྡུར་ན་མིའི་སྲོག་ལ་ཉེན་ཁ་ཆེ་བ་ཡོད་པ།

2009.08.25

༄༅༎དེང་སྐབས་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་ཕག་པའི་རིམས་ནད་དེ་ནི་ནམ་དུས་ཀྱི་ཆམ་ཚད་དང་བསྡུར་ན་མིའི་སྲོག་ལ་ཉེན་ཁ་ཆེ་བ་ཡོད་པའི་སྐོར་རེས་གཟའ་ཟླ་བའི་ཉིན་ཕེ་རན་སི་སྨན་དོན་ཞིབ་འཇུག་པས་གསུངས་ཡོད་པ་རེད།

དེ་ཡང་ཕེ་རན་སི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཞིབ་འཇུག་སློབ་གྲྭའི་འགན་འཛིན་དང་ནད་ཡམས་ཞིབ་འཇུག་གནང་མཁན་ཞིག་གིས་གསུངས་པར་འཛམ་གླིང་ནང་དུ་ལོ་ལྟར་བཞིན་ནམ་དུས་ཆམ་པའི་རིམས་ནད་ཀྱིས་ནད་པ་འདས་གྲོངས་སུ་འགྲོ་གི་ཡོད་ཀྱང་ད་རེས་ཀྱི་ཕག་པའི་རིམས་ནད་དེས་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པ་རྣམས་ལ་ལྟོས་ཚེ་ཕལ་ཆེར་ཕག་པའི་རིམས་ནད་དེ་ནི་ནམ་དུས་ཀྱི་ཆམ་ཚད་ལས་སྲོག་ལ་ཐད་ཀར་ཉེན་ཁ་ཆེ་བ་ཡོད་ཅིང་སྤྱིར་བཏང་གི་ནམ་དུས་ཀྱི་ཆམ་ཚད་ཡིན་ཚེ་ལོ་ལྟར་བཞིན་འཛམ་གླིང་ནང་ནས་ནད་པ་འབུམ་ལྔ་ལྷག་འདས་གྲོངས་སུ་འགྲོ་བ་དང་དེ་རྣམས་ཐད་ཀར་ཆམ་ཚད་དེས་རྐྱེན་བྱས་ཏེ་འདས་གྲོངས་སུ་འགྲོ་བ་དང་དེ་རྣམས་ཐད་ཀར་ཆམ་ཚད་དེས་རྐྱེན་བྱས་ཏེ་འདས་གྲོངས་སུ་འགྲོ་བ་མ་ཡིན་པར་དེའི་ནང་ནས་མང་ཆེ་བ་ནི་ཆམ་ཚད་དེའི་ནད་འབུས་ཚབས་ཆེ་བའི་གློ་ཚད་དུ་གྱུར་བ་དང་ཡང་ན་ནད་གཞི་རྙིང་པ་ཞིག་སླང་བའི་རྐྱེན་གྱི་ཐོག་ནས་འདས་གྲོངས་སུ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། གང་ལྟར་ནམ་དུས་ཀྱི་ཆམ་ཚད་དང་དེང་སྐབས་ཁྱབ་གདལ་དུ་འགྲོ་བཞིན་པའི་ཕག་པའི་རིམས་ནད་ཨེཇ་༡ཨེན༡ཟེར་བའི་ནད་འབུ་དེ་འཛམ་གླིང་ནད་དུ་ཁྱབ་ཟིན་པ་དང་ཕལ་ཆེར་ཚོད་རྩིས་བྱས་ན་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཆིག་སྟོང་ནང་ནས་ནད་པ་གཅིག་ནས་ལྔ་བར་ལ་ཕྱི་ཚུལ་དུ་ནད་རྟགས་ཐོན་པར་བརྟེན་གྲངས་ཀ་དེའི་ཐོག་ནས་ད་ལྟའི་ཆར་ཕག་པའི་རིམས་ནད་དེ་ངོ་བོ་ཇི་ཡིན་ད་དུང་ཡང་ཁ་གསལ་པོ་མེད་པ་རེད་ཅེས་དང་ད་དུང་མུ་མཐུད་ནད་ཡམས་དེའི་ངོ་བོ་ཇི་ཡིན་གསལ་པོ་མེད་པར་དེ་ལྟར་དུ་གནས་པ་ཡིན་ཚེ་མིའི་ཚེ་སྲོག་ཐད་ཀར་ཉེན་ཁ་ཆེ་རུ་འགྲོ་རྒྱུར་དོགས་ཟོན་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎