བལ་ཡུལ་སྲིད་དོན་ཚོགས་པའི་བར་དཀའ་རྙོག་འཕྲད་བཞིན་པ།

བལ་ཡུལ་གྱི་བློན་ཆེན་བསྐོ་གཞག་བྱ་ཕྱོགས་ཐད་གཞུང་འཛིན་སྲིད་དོན་ཚོགས་པ་ནང་ཁུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པ་རེད།

2009.06.14

༄༅༎བལ་ཡུལ་གྱི་སི་པི་ཨེན་དང་ནེ་པ་ལི་ཀོང་རེ་སི་གཉིས་མོས་མཐུན་བྱུང་ཡོད་ཀྱང་བློན་ཆེན་བསྐོ་གཞག་བྱ་ཕྱོགས་ཐད་གཞུང་འཛིན་སྲིད་དོན་ཚོགས་པ་ནང་ཁུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པ་རེད། སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་བལ་ཡུལ་ལྷོ་ཕྱོགས་མཱ་རྡི་ཤི་མི་རིགས་ཀྱི་འགོ་ཁྲིད་ལྷན་དུ་གྲོས་མོལ་གནང་སྟེ་གཞུང་འཛིན་ཚོགས་པ་ཆེ་ཁག་སི་པི་ཨེན་དང་ནེ་པ་ལི་ཀོང་རེ་སི་གཉིས་མཉམ་དུ་མོས་མཐུན་འབྱུང་ཐབས་གནང་ཡང་སྦི་ཇེ་ཀུ་མའར་ག་ཆ་རྡར་གྱིས་དབུ་ཁྲིད་པའི་མཱ་རྡེ་ཤི་ཇ་ན་རྡི་ཀར་ཕོ་རམ་ཤོག་ཁག་དང་ཊེ་རའེ་མ་རྡེཤ་ལོཀ་ཏན་ཏྲིཀ་ཚོགས་པ་དང་སཱརྡ་སྦ་ལྦ་ན་ཚོགས་པ་བཅས་ཀྱིས་གཞུང་འཛིན་ཚོགས་པ་ཆེ་ཁག་གཉིས་ལ་སྐྱོན་བརྗོད་དང་སྦྲགས་གཞུང་འཛིན་ནང་བློན་ཆེན་གྱི་གོ་གནས་བཟུང་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་གནང་འདུག

སྲིད་བློན་མཆོག་གིས་འབད་བརྩོན་ལྷོད་མེད་གནང་མིན་ལ་མ་ལྟོས་པར་གཞུང་འཛིན་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་སྲིད་གཞུང་ནང་བློན་ཆེན་གོ་གནས་ཀྱི་དབང་ཆའི་འཐབ་རྩོད་ཤུགས་ཆེ་བྱེད་བཞིན་པས་བློན་ཆེན་བསྐོ་གཞག་དང་དམ་འབུལ་དུས་འགྱངས་སུ་འགྲོ་བཞིན་པ་རེད། བལ་ཡུལ་ལྷོ་ཕྱོགས་མི་རིགས་ཡོངས་རྫོགས་གཅིག་ཏུ་འདུས་པའི་མངའ་སྡེ་ཞིག་དགོས་པ་མ་ཟད་བལ་ཡུལ་གྱི་གཞུང་འཛིན་ཀ་བ་གསུམ་གྱི་ནང་མཱ་རྡེ་ཤི་མི་རིགས་ལ་ལས་གནས་སྤྲོད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་རེད། འོན་ཀྱང་ལྷོ་ཕྱིགས་མི་རིགས་ཀྱི་སྲིད་དོན་ཚོགས་པ་ཆེ་གྲས་མཱ་རྡེ་ཤི་ཇ་ན་རྡི་ཀར་ཕོ་རམ་ཞེས་པའི་འགོ་ཁྲིད་ག་ཆ་རྡར་ལ་སྲིད་བློན་གཞོན་པའི་གོ་གནས་ཞུས་འཐོབ་བྱུང་བར་བརྟེན་ཚོགས་པའི་ཚོགས་གཙོ་ཨུ་པེན་རྡར་ཡ་རྡལྦ་ཡིས་ཁོང་ནས་ཚོགས་ཁོངས་ནས་ཕྱིར་འབུད་བཏང་སྟེ་ཚོགས་པ་དེ་དུམ་བུ་གཉིས་སུ་གྱུར་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎