རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པ།

རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱ་ཆ་ཚོད་རྩིས་བྱས་པ་ལས་ཐོ་བ་བྱུང་ཡོད་པའི་སྐོར་རྒྱ་གར་གྱི་དཔོན་རིགས་ནས་འགྲེལ་བརྗོད་གནང་བ།

2010.05.31

༄༅༎རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱ་ཆ་ཚོད་རྩིས་བྱས་པ་ལས་ཐོ་བ་བྱུང་ཡོད་པའི་སྐོར་རྒྱ་གར་གྱི་དཔོན་རིགས་ནས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་ཡོད་པ་རེད་

རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ད་ལོ་སྤྱི་ཟླ་གསུམ་པ་བར་རྒྱ་ཆ་བདུན་དང་གྲངས་ཆུང་བཞི་འཕར་ཡོད་པ་དང་དེའི་ནང་བཟོ་ལས་དང་ ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེ་ཤོས་བྱུང་ཡོད་པ་རེད་ རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱ་ཆ་དེ་བཞིན་རྒྱ་གར་གཞུང་གིས་སྔོན་ཚོད་བྱས་པའི་ཚད་གཞི་བརྒྱ་ཆ་བདུན་དང་གྲངས་ཆུང་གཉིས་ནས་དོན་དངོས་གྲངས་ཆུང་གཉིས་ཀྱི་མང་བ་བྱུང་ཡོད་ཅིང་ རྒྱ་གར་གྱི་བཟོ་ལས་ཐོན་སྐྱེད་ད་ལོ་རྒྱ་ཆ་བཅུ་དང་གྲངས་ཆུང་བརྒྱད་ཙམ་འཕར་ཡོད་པ་དང་འཛུགས་སྐྲུན་དང་ གློག་ལས་ལས་རིགས་ཐད་བརྒྱ་ཆ་དྲུག་དང་གྲངས་ཆུང་ལྔ་ཙམ་འཕར་སྣོན་བྱུང་བ་འགྲིམ་འགྲུལ་དང་འབྲེལ་འཐུད་ཀྱི་ལས་རིགས་ལ་རྒྱ་ཆ་དགུ་དང་གྲངས་ཆུང་གསུམ་ཙམ་འཕར་སྣོན་བྱུང་ཡོད་པ་རྒྱ་གར་ཞིབ་རྩིས་ལས་ཁང་གིས་གྲངས་འབོར་ཕྱིར་བསྒྲགས་བྱས་ཡོད་པ་རེད་

རྒྱ་གར་གཞུང་གིས་འདི་ལོའི་ལོ་མཇུག་ཏུ་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་རྒྱ་ཆ་བརྒྱད་དང་གྲངས་ཆུང་དྲུག་བར་འཕར་སྣོན་ཡོང་རྒྱུའི་ཚོད་རྩིས་གནང་གི་ཡོད་པ་དང་རྒྱ་གར་གྱིར་ནོར་སྲིད་བློན་ཆེན་གྱིས་རྒྱ་གར་གྱི་ད་ལྟའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་དེའི་ཐོག་མུ་མཐུད་བསྐྱོད་རྒྱུར་ཡིད་ཆེས་དང་ ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་བརྒྱ་ཆ་བརྒྱད་དང་གྲངས་ཆུང་ལྔ་བར་འཕར་སྣོན་ཡོང་རྒྱུར་རེ་བ་གནང་གི་ཡོད་པའི་སྐོར་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་གསུང་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎