གསར་འགྱུར་ཡིག་ཚགས།
2022-12-07
བཞུགས་སྒར་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་ནས་རྒྱ་ནག་ནང་དམངས་གཙོ་དང་རང་དབང་ཆེད་ལས་འགུལ་སྤེལ་བཞིན་པར། རྒྱ་ནག་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གནང་ཡོད་པ།
2022-12-06
ཉི་ཧོང་གྲོས་ཚོགས་གོང་འོག་གིས་རིམ་པར་བོད་དང་འབྲེལ་བའི་གྲོས་ཆོད་བཞག་པ་དེས་བོད་དོན་ལ་སེམས་ཚབས་ཡོད་པ་སྟོན་གྱི་ཡོད་ཅེས་སྲིད་སྐྱོང་མཆོག་གིས་གསུང་བྱུང་།
2022-12-06
རྒྱ་ནག་ནང་མི་མང་གི་ངོ་རྒོལ་ལས་འགུལ་དེ་ནི་ཏོག་དབྱིབས་ནད་ཡམས་གཅིག་པུའི་དཀའ་ངལ་ཙམ་མིན་པར་རྒྱ་ནག་ནང་རང་དབང་དང་འབྲེལ་བའི་དཀའ་ངལ་མང་དག་ཅིག་ཡོད་པ་ད་རེས་རྒྱལ་སྤྱིའི་སྟེང་གསལ་སྟོན་བྱས་ཡོད་པ་སྲིད་སྐྱོང་མཆོག་གིས་བཅར་འདྲིའི་སྐབས་གསུང་བྱུང་།
2022-12-06
རྒྱ་ནག་གཞུང་གིས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་དྲགས་དང་གནས་ཚུལ་དེ་རིགས་བརྒྱུད་སྤེལ་མི་ཆོག་པའི་བཀག་འགོག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། འདས་པའི་ཉིན་ཤས་ནས་བཟུང་མཚོ་སྔོན་ཟི་ལིང་དང་། རྔ་བ་ཁུལ་གྱི་རྫོང་ཁག་གི་བོད་མི་འདུས་སྡོད་ས་ཁུལ་དུ་སྐད་འཕྲིན་ཚོགས་པ་ཁག་ནང་རིམས་ནད་གནས་ཚུལ་སོགས་གཅིག་ཀྱང་བརྒྱུད་སྤེལ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ།
2022-12-05
བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ཚན་རྩལ་ཁེ་གཉེར་ཁང་(Thermo Fisher)་གིས་རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ལས་འགུལ་སྤེལ་བཞིན་འདུག
2022-12-05
ཉི་ཧོང་གི་གྲོས་ཚོགས་གོང་མའི་ནང་བོད་གཙོས་ཤིན་ཅང་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཧ་ཅང་བློ་འཚབ་ཡོད་པའི་གྲོས་ཆོད་བཞག་ཡོད་འདུག
2022-12-05
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་བདུན་གྱི་སྤྱི་ཁྱབ་པ་རྣམས་བཞུགས་སྒར་དུ་ཕེབས་པར་མཇལ་ཁ་དང་བཀའ་སློབ་བསྩལ་འདུག
2022-12-05
ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་དང་པོ་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་རྒྱ་བསྒྱུར་སློབ་གསོ་ཡོངས་སུ་ལག་བསྟར་དགོས་པའི་ཐག་གཅོད་བྱས་ཡོད་པ། བོད་ནང་གི་ཤེས་ཡོན་སློབ་གསོ་དང་འབྲེལ་བ་ཡོད་པའི་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-12-04
ལྷག་ཏུ་རང་དབང་ལྡན་པའི་རྒྱ་གར་ལྟ་བུ་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་ཡོད་མཁན་ཡུལ་ལུང་ཉུང་ཤས་ཤིག་ལས་མེད་ཅེས་བཀའ་གནང་སོང་བས། དེ་ནི་ང་ཚོས་ངེས་པར་དུ་སྲུང་སྐྱོབ་དང་གོང་འཕེལ་གཏོང་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
2022-12-02
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དེང་སྐབས་རྒྱ་ནག་ནང་མི་མང་གིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེར་གདུང་སེམས་མཉམ་བསྐྱེད་དང་མཉམ་གཞུང་གི་རིམས་འགོག་སྲིད་ཇུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་ཞུས་འདུག
2022-12-02
གྷིརསི་ཁྲིམས་ཁང་གིས་ཡུལ་དེར་སྔ་ལོར་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བོད་མི་དང་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་ལ་ནག་ཉེས་མེད་པ་དག་འབུད་ཐག་གཅོད་གནང་ཡོད་ཀྱང་འཆི་མེད་ལྷ་མོ་སོགས་ཁག་ཅིག་གི་ཁྲིམས་རའི་ཐག་གཅོད་ཕྱིར་འགྱངས་བྱས་འདུག
2022-12-02
ཡོ་རོབ་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་ཞིག་ལོན་ཌོན་གྱི་(Royal Mint)་ཞེས་བའི་ས་ཁུལ་དུ་སྤོར་རྒྱུར་ཁུལ་དེའི་ས་གནས་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཚོས་སྤྱི་མོས་ཐོག་ངོས་ལེན་གནང་མི་འདུག
2022-12-02
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱ་གར་མཁས་པ་སྤྱི་དང་དཔལ་ན་ལཎ་ཌའི་མཁས་པ་ཚོས། བཅོམ་ལྡན་འདས་ཀྱི་བཀའ་ལ་རྒྱུ་མཚན་ལྡན་པའི་སྤྱད་པ་བྱས་ཏེ། དེ་རིང་ཁ་སང་ཚན་རིག་པ་ཚོས་ང་ཚོའི་སེམས་བཟང་པོ་བྱེད་རྒྱུ་དང་སེམས་མ་འདུལ་བ་དེ་འདུལ་བར་བྱ་ཞེས་པ་དེའི་རིགས་ལ་དོ་སྣང་གནང་གི་ཡོད་པ་གསུངས་སོང་།
2022-12-02
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འཛིན་སྐྱོང་གི་ལས་དོན་གལ་ཆེ་ཁག་དང་། ལྷག་ཏུ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་མགོན་པོ་གང་ཉིད་མཆོག་ལ་སྙན་སྒྲོན་ཕུལ་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེར་ཚོར་ཆེན་པོས་བསྔགས་བརྗོད་གནང་འདུག
2022-12-01
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་མི་གྲངས་སུམ་ཁྲི་དྲུག་སྟོང་ལྷག་གསར་དུ་འཕར་བ་དང་དེའི་སྔར་ཉིན་ནད་པ་སུམ་ཁྲི་བདུན་སྟོང་ལྷག་ཐོན་འདུག