རྒྱ་ནག་ཁྱོན་ཡོངས་སུ་ཉིན་གཉིས་ནང་ཏོག་དབྱིབས་ནད་རྟགས་ཐོན་པ་མི་གྲངས་ཁྲི་བདུན་དང་སུམ་སྟོང་ལྷག་ཐོན་འདུག

2022.12.01
རྒྱ་ནག་ཁྱོན་ཡོངས་སུ་ཉིན་གཉིས་ནང་ཏོག་དབྱིབས་ནད་རྟགས་ཐོན་པ་མི་གྲངས་ཁྲི་བདུན་དང་སུམ་སྟོང་ལྷག་ཐོན་འདུག ཁྱིམ་སྡོད་བཀག་རྒྱའི་འོག་ཡོད་པའི་པེ་ཅིང་གི་སྡེ་ཁུལ་ཞིག ༡༡།༡༠།༢༠༢༢
AP

དེ་ཡང་རོའུ་ཊར་གསར་སྤེལ་ཁང་གིས་ཧྲང་ཧེ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༣༠རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་༣༦༠༦༡བྱུང་བའི་ཁྲོད་ནད་རྟགས་མངོན་པའི་མི་གྲངས་༤༡༥༠དང་ནད་རྟགས་མི་མངོན་པའི་མི་གྲངས་༣༡༩༡༡ཡོད་པ་རྒྱ་ནག་རྒྱལ་ཁབ་འཕྲོད་བསྟེན་ལས་ཁུངས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་བྱས་བ་ལུང་འདྲེན་བྱས་འདུག་ལ། དེའི་སྔར་ཉིན་རེས་གཟའ་མིག་དམར་ཉིན་ནད་པ་མི་གྲངས་༣༧༨༢༨ཡོད་འདུག
རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་གྱི་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལ་ནུས་བ་མ་ཐོན་པར་དེང་སྐབས་མི་རྣམས་ཐབས་ཟད་འུ་ཐུག་པ་དང་། ལྷག་པར་དུ་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་ཁྲོད་ཤར་ཏུར་ཀིསུ་ཐན་གྱི་རྒྱལ་ས་ཨོ་རོམ་ཆི་(Urumqi)་རུ་སྡོད་གནས་ཐོག་ཁང་ཞིག་ལ་མེ་སྐྱོན་ཤོར་སྐབས་བཀག་རྒྱའི་དབང་གིས་དུས་ཐོག་མྱུར་སྐྱོབ་མ་ཐུབ་པར་ཉུང་མཐའ་ཡང་མི་བཅུ་ཡི་ཚེ་སྲོག་ཤོར་བ་དང་འབྲེལ་ནས། ཉེ་བའི་ཉིན་ཤས་ནང་རྒྱ་ནག་གི་གྲོང་ཁྱེར་བཅུ་ཕྲག་བརྒལ་བའི་ནང་མི་མང་གིས་གཞུང་གི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་ཡོད།

image.jpg
རྒྱ་ནག་གི་གྲོང་ཁྱེར་ཁ་ཤས་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཁྱིམ་སྡོད་བཀག་རྒྱའི་དམ་དྲག་ཇེ་ལྷོད་དུ་གཏོང་རྒྱུ་གསལ་བསྒྲགས་བྱས་རྗེས་རྒྱ་ནག་ནང་ནད་པའི་གྲངས་འབོར་ཅུང་ཉུང་དུ་ཕྱིན་ཡོད་པ་རེད།
གཞུང་འབྲེལ་གྲངས་ཐོ་ལྟར་ན། ད་ལྟའི་བར་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་༥༢༣༣ཡིན་ཞིང་། རེས་གཟའ་ལྷག་པའི་བར་རྒྱ་ནག་ཁྱོན་ཡོངས་སུ་ནད་པ་ངོ་ཐག་ཆོད་པའི་གྲངས་འབོར་༣༢༣༦༨༦ཡིན་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༢།༡ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༩༠༡༧ ༡༩༠༢༢

 ༢༠༢༢།༡༡།༣༠ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༩༠༠༣ ༡༤ ༡༢ ༡༩༠༡༧

ཡང་ནད་ཡམས་སྐོར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡ཉིན་གྱི་ཉིན་རྒྱབ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་རྟགས་མ་མངོན་པའི་ནད་པ་༥ཐོན་ཡོད་པ་དང་། དེའི་སྔར་ཉིན་ཚེས་༣༠ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་པ་༡༤མང་དུ་ཕྱིན་ནས་ད་དུང་ཡང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༡༤ཡོད་པ་བསྒྲགས་འདུག་པ་ལྟར། འདི་ཚེས་༡གྱི་ཉིན་རྒྱབ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་བར་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༩༠༢༢ཟིན་འདུག ཡིན་ན་ཡང་འབྲེལ་ཡོད་བོད་མི་ཞིག་གིས་རྒྱ་ནག་གཞུང་གིས་རིམས་ནད་ཀྱི་གནས་ཚུལ་དངོས་ཡོད་མི་བསྒྲགས་པ་དང་། ནད་པའི་གྲངས་འབོར་ཏག་ཏག་རང་བཏོན་གྱི་མེད་པ་མ་ཟད། ཡུལ་མི་ཚོས་ས་གནས་ཀྱི་རིམས་ནད་གནས་སྟངས་བཤད་ཚེ་དཀྲོག་གཏམ་སྤེལ་ཚུལ་གྱིས་ཉེས་ཆད་གཏོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༣༠ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༤༡༠གསར་དུ་འཕར་ཡོད་པ་དང་། མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་འདི་ཚེས་༡ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༩གསར་དུ་འཕར་འདུག རྨ་ལྷོ་ཁུལ་དུ་ཚེས་༢༨ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༢༦གསར་དུ་འཕར་འདུག


གསར་འགོད་པ། ལྕགས་མོ་འཚོ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎