གསར་འགྱུར་ཡིག་ཚགས།
2024-04-12
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་(Concordia)་གཙུག་ལག་སློབ་གྲྭའི་ནང་དགེ་སློབ་ཁག་ཅིག་ལ་བོད་དོན་གཏམ་བཤད་གནང་བ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ཡོད་འདུག
2024-04-12
དེ་བཞིན་ཁོང་ཚོའི་མ་འོངས་ལས་དོན་རྣམས་ལམ་ལྷོང་ཡོང་ཆེད་བཞུགས་སྒར་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད་ཅེས་གསུངས་བྱུང་།
2024-04-11
རྒྱ་གར་ནང་གི་སྨན་རིའི་གྲྭ་ཚང་དུ་སྨན་རིའི་ཁྲི་འཛིན་རེ་རེའི་སྐུ་ཚེའི་ནང་མཛད་པ་གལ་ཆེན་དུ་བརྩི་སྲོལ་ཡོད་པ་སྨན་སྒྲུབ་འོད་ཟེར་འཁྱིལ་བ་དེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་ཟླ་བ་དར་རྒྱས་དབུ་བཞུགས་ཀྱིས་ཚོགས་བཞིན་འདུག
2024-04-11
ཁེ་ཎ་ཌའི་འོས་བསྡུའི་སྐབས་རྒྱ་ནག་གིས་ཐེ་བྱུས་བྱེད་རྩིས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་མཐའ་མ་མི་མང་གིས་འོས་བསྡུའི་ཐག་ཆོད་བྱས་ཡོད་ལུགས་ཁེ་ཎ་ཌའི་སྲིད་བློན་མཆོག་གིས་གསུངས་འདུག
2024-04-11
ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཀེ་ནི་ཌིའི་ཤེས་ཡོན་ལྟེ་གནས་ཁང་གི་ཁྱབ་ཁོངས་འགོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གི་འགན་འཛིན་སློབ་དཔོན་སྐུ་ཞབས་ཨར་ཐར་བྷུ་རུག་སི་ལགས་ཀྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་འདུག
2024-04-11
ས་གནས་ཡུལ་མི་ཕོན་ཆེན་དགོན་པར་འདུ་འཛོམས་ཀྱིས་ཕྱག་སྐོར་བ་དང་གསོལ་སྨོན་འདེབས་པ་སོགས་བྱེད་བཞིན་འདུག
2024-04-10
ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་ཐད་གསུང་བཤད་གནང་འདུག
2024-04-10
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྐབས་༤༣པའི་ཁེ་ན་ཌའི་ཨོན་ཊེརིཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་གྲོས་ཚོགས་སུ་གཞུང་འབྲེལ་སྣེ་ལེན་ཞུས་འདུག
2024-04-10
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བའི་གསལ་སྟོན་གནང་འདུག
2024-04-10
ལྷ་མོའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡིན་པར་བརྟེན། རིག་གཞུང་དེ་མི་ཐོག་ནས་མི་ཐོག་རྒྱུན་གནས་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
2024-04-09
བདུན་ཕྲག་འདིའི་ནང་འཇར་མན་གྱི་དབུ་ཁྲིད་རྒྱ་ནག་ནང་ཕེབས་འཆར་ཡོད་པ་དང་འཇར་མན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་དུ་ངོས་འཛིན་གནང་གི་ཡོད་པ་འཇར་མན་གཞུང་གི་གསར་འགོད་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
2024-04-09
རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་གི་མི་སེར་ཚོ་དུས་ཐུང་གི་གཉེན་འཕྲད་སོགས་བྱེད་ཆོག་པའི་གསལ་བསྒྲགས་གནང་བ་ལྟར་བྷེལ་ཇམ་གྱི་མི་སེར་ཡིན་པའི་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
2024-04-09
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་འདས་གྲོངས་སུ་ཕྱིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་བསྔོ་སྨོན་གནང་སོང་།
2024-04-09
བོད་ཀྱི་ཁམས་ཉག་ཆུ་ཁར་ཟླ་༣ཚེས་༡༥ཉིན་མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་པའི་ཁྲོད་ས་གནས་ཀྱི་རྩ་ཆེའི་སྐྱེ་དངོས་བེ་ཤའི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐོར་གླེང་བཞིན་འདུག
2024-04-09
ཏཱ་ལའི་བླ་མ་སྐུ་གཤེགས་ན་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་རྩ་ནས་སྤེལ་མི་ཆོག་པ་སོགས། དོན་ཚན་བཅུ་ཅན་ཞིག་ལ་བཙན་ཐབས་ཀྱིས་སློབ་གཉེར་བྱེད་བཅུག་གི་ཡོད་འདུག