གསར་འགྱུར་ཡིག་ཚགས།
2012-10-24
རྒྱ་ནག་ཆོས་དོན་ལྷན་ཁང་གིས་དེང་སང་རྒྱ་ནག་ནང་ཆས་གོས་སྤྲས་པའི་དགེ་སློང་རྫུན་མ་ཇེ་མང་དང་། ཁོ་ཚོས་དཔལ་འབྱོར་འདུ་འགོད་ཀྱི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པར་སྐྱོན་བརྗོད་ཤུགས་བྱས་འདུག
2012-10-24
ཀན་ལྷོ་ཁུལ་རྒྱ་ནག་གི་ཉེན་རྟོག་སྡེ་ཁག་གིས་ས་གནས་སུ་བརྡ་ཁྱབ་སྤེལ་ཏེ་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་ཚོར་རྒྱ་སྒོར་ཁྲི་ལྔ་ནས་ཉི་ཤུ་བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག
2012-10-24
རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཚོགས་པ་ཞིག་མཉམ་འབྲེལ་ཐོག་བོད་མི་གཞོན་སྐྱེས་ཆེད་མདུན་ལམ་སློབ་སྟོན་བསྟི་གནས་ཁང་དབུ་འབྱེད་གནང་འདུག
2012-10-24
མདོ་སྨད་བླ་བྲང་དུ་བོད་མི་རྡོ་རྗེ་རིན་ཆེན་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་འདུག
2012-10-24
དེང་སང་ཨ་མི་རི་ཀའི་དམག་མིའི་ཁོངས་སུ་བོད་མི་ཡོད་པ་དང་། བཀྲིས་དོན་འགྲུབ་ཨ་མི་རི་ཁའི་དམག་མིའི་ཁོངས་ནས་དེང་སང་ཨ་ཧྥུ་གྷ་ནི་སི་ཐན་ནང་རྒྱབ་གཉེར་མཁོ་སྒྲུབ་དཔུང་དམག་གི་སྡེ་ཚན་ནང་ཡོད་པ་རེད།
2012-10-23
ཚེས་༢༣ཉིན་གྱི་ཕྱི་དྲོ་དགུང་ལོ་༥༨ཙམ་ཡིན་པའི་རྡོ་རྗེ་རིན་ཆེན་ལཊ་ཀྱིས་ཀན་ལྷོ་ཁུལ་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་གྱི་སྲང་ལམ་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་འདུག
2012-10-23
ཨ་རིའི་སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་མཐའ་མ་དེ་ཨ་རིའི་ཕྱི་སྲིད་སྐོར་གནང་ཡོད་ཅིང་། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཁྱོན་ཡོངས་ནས་སྤྱི་འདྲ་སྤྱི་མཚུངས་བྱེད་གལ་ཆེ་བ་གཉིས་ཀས་གསུངས་འདུག།
2012-10-23
རྒྱ་ནག་གི་གི་ཚོགས་ཆེན་༡༨ པ་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་གནམ་དམག་གི་དམག་སྤྱི་གསར་བསྐོ་དང་། དེ་མིན་མཐོ་རིམ་དམག་དོན་དཔོན་རིགས་ཁག་ཅིག་གི་ལས་གནས་འཕོ་འགྱུར་བཏང་འདུག
2012-10-23
རྒྱ་ནག་དམར་ཤོག་ཚོགས་པས་ཉེ་ལམ་གནས་དབྱུངས་བཏང་བའི་འགོ་ཁྲིད་པོ་ཤི་ལའེ་ཡི་རྒྱབ་སྐྱོར་བ་ཚོས་པོ་ཤི་ལའེ་གནས་དབྱུངས་བཏང་བ་དེར་སྐྱོན་བརྗོད་སྙན་ཞུ་ཞིག་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ལ་ཕུལ་འདུག
2012-10-22
མདོ་སྨད་བསང་ཆུ་རྫོང་བླ་བྲང་དགོན་པའི་གླིང་ནས་བོད་དོན་ཆེད་རང་ལུས་མེར་བསྲེཊ་གཏོང་མཁན་ཁ་གྱའི་དོན་འགྲུབ་ལཊ་སྐུ་གྲོངས་ཡོད་པ་དང་། ས་གནས་སུ་རྒྱ་ནག་གིས་དམག་མི་ཇེ་མང་བ་བཏང་ཡོད་པ་རེད་འདུག
2012-10-22
རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱལ་ས་ལྡི་ལིའི་ནང་རྒྱ་ནག་གིས་རྒྱ་གར་ནང་བཙན་འཛུལ་བྱས་པའི་ལོ་༥༠དང་བོད་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་ཞུགས་མོལ་ལྷན་ཚོགས་གོ་སྒྲིག་གནང་འདུག།
2012-10-22
བོད་མིའི་དབུ་ཁྲིད་༧་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༥ པར་དབུ་བཞུགས་གནང་ནས་བགྲོ་གླེང་གནང་ཡོད་འདུག
2012-10-22
ཉེ་ལམ་དབོན་པོ་དགོན་ནས་དགེ་འདུན་པ་མི་ཉུང་བ་འཛིན་བཟུང་བྱས་ཐོག་ཡང་བསྐྱར་དགོན་པ་དེ་ནས་རྔ་བ་ཀིརྟི་དགོན་པའི་གྲྭ་པ་༥འཛིན་བཟུང་བཙན་འཁྲིད་བྱས་ཏེ། གར་ཡོད་ཆ་མེད་ལ་གྱུར་འདུག
2012-10-22
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བོད་དོན་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ལ་མཉམ་ཞུགས་གནང་འདུག
2012-10-21
ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་ལྕམ་མ་རིཡོ་ཨོ་ཊེ་རོ་མཆོག་དབར་མཇལ་མོལ་གནང་བ།