རྒྱ་ནག་ནང་དགེ་སློང་རྫུན་མང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་།

རྒྱ་ནག་ཆོས་དོན་ལྷན་ཁང་གིས་དེང་སང་རྒྱ་ནག་ནང་ཆས་གོས་སྤྲས་པའི་དགེ་སློང་རྫུན་མ་ཇེ་མང་དང་། ཁོ་ཚོས་དཔལ་འབྱོར་འདུ་འགོད་ཀྱི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པར་སྐྱོན་བརྗོད་ཤུགས་བྱས་འདུག

2012.10.24

དེང་སང་རྒྱ་ནག་ནང་གི་རྩ་ཆེའི་གནས་ས་ཁག་དང་ལྷ་ཁང་མང་པོ་ཞིག་གིས་དགེ་སློང་རྫུན་མའི་ཆས་གོས་སྤྲས་པ་དང༌། མོ་འདེབས་བྱས་པ་སོགས་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་འདྲ་མིན་སྣ་ཚོགས་བྱེད་བཞིན་པ་དང་། རྒྱ་ནག་དབུས་ཆོས་ལུགས་དོ་དམ་ལྷན་ཁང་གི་དྲ་རྒྱའི་ཐོག་བརྡ་ཐོ་ཞིག་སྤེལ་ཡོད་པའི་ནང༌། རྒྱ་ནག་ཁུལ་གྱི་ནང་པ་དང་Tao ཆོས་ལུགས་ཀྱི་ལྷ་ཁང་འགའ་ཤས་ཀྱིས་མ་རྐང་ཁྲོམ་རྭའི་ནང་མིང་བཅུགས་ནས་དངུལ་འདུ་རུབ་བྱེད་བཞིན་ཡོད་པའི་འཆར་གཞི་ཁག་ལ་སྐྱོན་བརྗོད་བྱས་ཡོད་ཅིང༌། ཕྱི་ཚེས་༢༢ཉིན་སྤེལ་བའི་བརྡ་ཐོ་དེའི་ནང༌། ལྷ་ཁང་ཁག་གིས་མ་རྐང་ཁྲོམ་རྭ་འམ་ཟུང་འབྲེལ་ཚོང་ལས་ཀྱི་ལས་གཞིའི་ནང་འཛུལ་བཞུགས་བྱས་ན་འགྲིག་གི་མ་རེད་ཅེས་ཐ་ཚིག་ནན་པོ་བསྒྲགས་འདུག།

དེ་བཞིན་གོང་ཞུས་བརྡ་ཐོ་དེའི་ནང་། ཆོས་དང་འབྲེལ་བ་མེད་པའི་ས་གནས་འགའ་ཤས་ནང་དགེ་སློང་རྫུན་མ་འོདོན་པ་དང་། ཞལ་འདེབས་སྤྲོད་སའི་སྒམ་ཆུང་བཙུགས་པ་སོགས་བྱས་ནས་མང་ཚོགས་ལག་ནས་ཁྲིམས་འགལ་དངུལ་བསྡུ་རུབ་བྱེད་ཀྱི་ཡོད་པ་སོགས་། སྐབས་རེར་ཆོས་ལ་དད་པ་བྱེད་མཁན་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགོ་སྐོར་བསླུ་བྲིད་བཏང་ནས་དངུལ་བཟོ་གི་ཡོད་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ལམ་སྲོལ་ངན་པ་དེ་ཚོའི་རིགས་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཐོག་འཛིན་པའི་སྲིད་བྱུས་དང་རྒྱལ་ཁབ་ཁྲིམས་ལ་འགལ་འཛོལ་བཏང་བའི་ཚབས་ཆེའི་གནད་དོན་ཞིག་ཡིན་སྐོར་ཐེར་འདོན་བྱས་འདུག

རྒྱ་ནག་ནུབ་བྱང་ཁུལ་གྱི་Famen ལྷ་ཁང་ཟེར་བ་དེ་ལོ་རྗེས་མ་ནས་བཟུང་ཧོང་ཀོང་གི་མ་རྐང་ཁྲོམ་རྭའི་ཐོ་གཞུང་ནང་མིང་བཅུག་རྩིས་ཡོད་པ་དང༌།

རྒྱ་ནག་ཁུལ་གྱི་གནས་ཆེན་རི་བོ་Putuo དེ་བཞིན་ལོ་གསུམ་ནང་ཚོང་ལས་ཅན་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་རེད།

ད་ལོ་ཕྱི་ཟླ་བཞི་པའི་ནང་པེ་ཅིང་ཁུལ་གོས་སེར་་ལི་དབང་གྱོན་པའི་ནང་པའི་དགེ་སློང་རྗུན་མ་གཉིས་ཀྱིས་ཆང་རག་འཐུང་བ་དང༌། བུད་མེད་གཉིས་མཉམ་ཁྲིད་བྱས་ནས་གྲོང་ཁྱེར་གྱི་མགྲོན་ཁང་ཆེན་པོ་ཞིག་ནང་སྡོད་པའི་སྐབས་སུ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག།

༡༩༧༠ནས་བཟུང་ རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཐོག་དམ་བསྒྲཌ་བྱེད་བའི་སྲིད་བྱུས་གུ་ཡངས་སུ་བཏང་ཡོད་ཁུལ་བརྗོད་དེ་ གནས་བསྐོར་ལ་འགྲོ་མཁན་དང་ལྷ་ཁང་དུ་མཆོད་མཇལ་ལ་འགྲོ་མཁན་མི་མང་གི་གྲངས་འབོར་དེ་ཧ་ཅང་མང་དུ་ཕྱིན་ཡོད་ནའང༌། དགོན་པ་དང་ཆོས་ཚོགས་ཁག་ཚང་མ་གཞུང་འབྲེལ་དེབ་བསྐྱེལ་བྱེད་དགོས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎