མེར་བསྲེཊ་གཏོང་མཁན་ཁ་གྱའི་དོན་འགྲུབ་སྐུ་གྲོངས་འདུག

མདོ་སྨད་བསང་ཆུ་རྫོང་བླ་བྲང་དགོན་པའི་གླིང་ནས་བོད་དོན་ཆེད་རང་ལུས་མེར་བསྲེཊ་གཏོང་མཁན་ཁ་གྱའི་དོན་འགྲུབ་ལཊ་སྐུ་གྲོངས་ཡོད་པ་དང་། ས་གནས་སུ་རྒྱ་ནག་གིས་དམག་མི་ཇེ་མང་བ་བཏང་ཡོད་པ་རེད་འདུག

2012.10.22

ཁ་གྱའི་དོན་འགྲུབ་

དེ་ཡང་རྒྱ་གར་ནས་གྲྭ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། དེ་རིང་ཚེས་༢༢ཞོགས་པར་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༧།༣༠ ཡས་མས་སུ། བོད་མདོ་སྨད་བསང་ཆུ་རྫོང་བླ་བྲང་དགོན་པའི་སྟོན་ཆོས་ཆོས་རའི་རྒྱབ་ལོགས་སུ། བསང་ཆུ་རྫོང་མདའ་སྨད་ཞང་གི་རང་ལོ་ ༦༡ ཡིན་པའི་ཧོར་ཁ་གྱའི་དོན་འགྲུབ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ས་གནས་དེར་སྐུ་གྲོངས་འདུག

རང་ལུས་མེར་བསྲེཊ་ཀྱིས་གནས་ཚུལ་བྱུང་མ་ཐག་དགོན་པར་སྐོར་བ་འགྲོ་མཁན་ཚོས་མཐོང་སྟེ། འདས་པོའི་སྐུ་ཕུང་ཉེན་རྟོག་པར་ཁྱེར་མ་བཅུག་པར་དགོན་པའི་དོན་དམ་མི་སྣར་རྩིས་སྤྲོད་ཀྱིས་སྨན་ཁང་དུ་ཁྱེར་འདུག་མོད། སྟབས་མ་ལེགས་པར་མེ་འབར་ཤུཊ་ཆེ་བའི་རྐྱེན་མྱུར་སྐྱོབ་སོགས་གང་ཡང་མ་ཐུབ་པར་སྐུ་གྲོངས་ཡོད་འདུག

དེ་མ་ཐག་བླ་བྲང་དགོན་པའི་དགེ་འདུན་པའི་གཙོས་བོད་མི་མང་པོ་མཉམ་འཛོམས་ཐོག་དོན་འགྲུབ་ལགས་ཀྱི་ཆེད་བསྔོ་བ་སྨོན་ལམ་རྒྱུན་རིང་གསུངས་ཡོད་པ་དང་། རྒྱ་ནག་གིས་ཀྱང་གློ་བུར་ཉེན་རྟོག་དམག་མི་ཇེ་མང་ལ་བཏང་བ་དང་། དགོན་པའི་མཐའ་སྐོར་ནས་དམ་དྲག་ཇེ་ཆེར་བཏང་འདུག།

ས་གནས་བོད་མི་ཞིག་གིས་བཤད་ན། དོན་འགྲུབ་ལགས་ཀྱིས་བླ་བྲང་དགོན་པར་སྐོར་བ་ཁྲི་གཅིག་གི་སྐོར་ཚད་བླངས་ནས་ཉིན་གཅིག་ཙམ་ལས་འགོར་མེད་པ་དང་། སྐབས་དེའི་རིང་ཁོང་གིས་སྐོར་ལམ་གྱི་ངོ་ཤེས་རྒན་པ་ཚོར་། དེང་སང་བོད་དོན་ཆེད་གཞོན་སྐྱེས་མང་པོས་རང་ལུས་མེ་བསྲེགས་བཏང་ནས་ཚེ་སྲོག་ཤོར་བཞིན་པ་ཧ་ཅང་ཕངས་པོ་རེད། གཞོན་པ་ཚོ་མ་འོངས་གསོན་རྩ་རེད། དེ་ལས་ང་ཚོ་རྒན་པ་ཚོས་མེ་བསྲེགས་བཏང་ནས་ཚེ་སྲོག་ཤོར་ཡང་ཕངས་སེམས་ཅི་ཡོད་ཅེས་ཡང་ཡང་བཤད་མྱོང་ཡོད་འདུག

ཧོར་ཁ་གྱའི་དོན་འགྲུབ་ལགས་ནི། མདོ་སྨད་བླ་བྲང་བསང་ཆུ་རྫོང་མདའ་སྨད་ཞང་གི་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་མ་མཚོ་འབོད་ཀྱི་ཡོད་འདུག ཁོང་བཟའ་མི་གཉིས་ཀྱིས་གཉེན་ཉེ་ཞིག་གི་བུ་རིག་འཛིན་ཆོས་འཕེལ་ཞུ་བ་ཞིག་བུ་སྐལ་དུ་བླངས་ཡོད་པ་དང་། རིག་འཛིན་དང་ཁོང་གི་བཟའ་ཟླ་སྒྲོལ་མ་གཉིས་ལ་བྱིས་པ་སྟོབས་ལྡན་འབོད་པ་ཞིག་བཅས་ཡོད་འདུག

ཁ་གྱའི་དོན་འགྲུབ་
ཁ་གྱའི་དོན་འགྲུབ་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎