བོད་མི་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོེར་ཁྲི་༢༠སྤྲོད་རྒྱུ་ཡིན།
2012.10.24
ཕྱི་ཚེས་༢༤ཉིན་འདི་ག་རླུང་འཕྲིན་ཁང་ལ་ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གིས་ས་གནས་ཁག་ཏུ་བཀྲམས་པའི་བརྡ་ཁྱབ་ཡི་གེའི་པར་རིས་ཤིག་བཏང་འབྱོར་བྱུང་བའི་ནང་། ཉེ་ཆར་བོད་མདོ་སྨད་གཙོས་དང་བླ་བྲང་ཁུལ་དུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་ སྔ་ཕྱིར་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱུང་བའི་གནས་ཚུལ་ཐད་ཟླ་བ་འདིའི་ཕྱི་ཚེས་༢༡ཉིན་ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གི་ངོས་ནས་མང་ཚོགས་ཀྱིས་མ་སྐུལ་དང་ལེན་གྱིས་ཁྲིམས་འགལ་ཉེས་སྤྱོད་འདི་རིགས་ལ་འཐབ་རྩོད་བྱེད་དགོས་པ་དང་དུས་ཐོག་དང་ཕྱུག་པ་མེད་པར་ལྐོག་ཇུས་འགོད་མཁན་མངོན་གསལ་དུ་ཐེར་འདོན་བྱེད་ཆེད་ཁྲིམས་ལྟར་ཁྲིམས་འགལ་ཉེས་སྤྱོད་ལ་དྲག་རྡུང་བྱས་ནས་སྟོབས་ཤུགས་ཡོད་རྒུས་རང་ཁུལ་གྱི་འཆམ་མཐུན་གཏན་འཇགས་སྲུང་སྐྱོབ་བྱ་དགོས་པའི་བཀའ་རྒྱ་བཏང་སྟེ་། རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་གྱི་བརྡ་ཁྱབ་དོན་ཚན་བཞི་ཅན་ཞིག་འགྲེམས་བསྒྲགས་བྱས་ཡོད་འདུག
ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱི་བརྡ་ཁྱབ་དེའི་ནང་
གཅིག་ སྤྱི་བདེ་ལས་ཁུངས་ལ་རང་བསྲེགས་དོན་རྐྱེན་བཟོ་པ་དང་འབྲེལ་བའི་ཇུས་འགོད་དང་ངན་སྐུལ་ལྐོག་ཇུས་འགོད་པ་དང་མི་སེམས་སླུ་བ་བཅས་ཀྱི་ཁུངས་སྣེ་ཉེས་འཚང་ཐེར་འདོན་དང་ གོང་ཞུ་བཅས་བྱེད་པའི་མི་སྣ་ལ་མི་དམངས་ཤོག་སྒོར་ཁྲི་ལྔ་ཡི་བྱ་དགའ་སྤྲོད་རྒྱུ་དང་།
གཉིས་པ་ཉེ་ཆར་བྱུང་བའི་རང་བསྲེགས་དོན་རྐྱེན་བཞིའི་ལྐོག་ཇུས་འགོད་མཁན་དེ་འཕྱུག་པ་མེད་པར་ཐེར་འདོན་བྱེད་པའི་མི་སྣ་ལ་མི་དམངས་ཤོག་སྒོར་ཁྲི་༢༠ཡི་བྱ་དགའ་གནང་རྒྱུ། གསུམ་པ་སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་ཐེར་འདོན་བྱེད་པའི་མི་གཏན་ནས་གསང་སྲུང་བྱ་རྒྱུ་དང་། མི་ལུས་བདེ་འཇགས་ཀྱི་འགན་འཁུར་རྒྱུ་ཡིན་པ།
བཞི་པ་ བྱ་དགའ་འདི་དམིགས་བསལ་གྱི་ཐབས་ལམ་དང་བྱེད་སྟངས་བརྒྱུད་ནས་སྤྲོད་རྒྱུ་ཡིན་ཞེས་བཀོད་འདུག གཞན་ཡང་བརྡ་ཁྱབ་ཡི་གེ་དེའི་ནང་ཉེན རྟོག་སྡེ་ཁག་ལ་འབྲེལ་བ་བྱ་སའི་གཏན་འཇགས་ཁ་པར་གཉིས་དང་ ལག་འཁྱེར་ཁ པར་གཉིས་བཅས་མཁོ་སྤྲོད་བྱས་ཡོད་པ་མ་ཟད་ ཉེ་ཆར་བསྟུད་མར་རང་བསྲེགས་གཏོང་བའི་དོན་རྐྱེན་བཞི་བྱུང་སྟེ་ སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་རྣམ་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་སྐོར་བརྗོད་འདུག