བསང་ཆུ་དྲག་ཆས་ཉེན་རྟོག་ལས་ཁུངས་མདུན་མེ་བསྲེགས།

ཚེས་༢༣ཉིན་གྱི་ཕྱི་དྲོ་དགུང་ལོ་༥༨ཙམ་ཡིན་པའི་རྡོ་རྗེ་རིན་ཆེན་ལཊ་ཀྱིས་ཀན་ལྷོ་ཁུལ་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་གྱི་སྲང་ལམ་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་འདུག

2012.10.23

་རྡོ་རྗེ་རིན་ཆེན

འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་ནག་གཞུང་གི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་ཆེད་རང་ལུས་མེར་མཆོད་ཀྱིས་ཞི་རྒོལ་གང་སར་མཆེད་བཞིན་པ་ལྟར། དེ་རིང་ཚེས་༢༣་ཉིན་ཡང་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་རྡོ་རྗེ་རིན་ཆེན་གྱིས་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་མམ་འོད་ལྡན་ཚོང་རའི་ཉེ་འདབས་སུ་རང་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག དེ་མ་ཐག་ནམ་རྒྱུན་དེར་ཡོད་རྫོང་གི་བདེ་སྲུང་དམག་མི་དང་། ཉེན་རྟོག་པ་ཚོས་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱེད་རྩིས་བྱས་པར། དེར་ཡོད་ས་གནས་བོད་རིགས་མང་ཚོགས་ཀྱིས་ཁྱེར་དུ་མ་བཅུག་པར་ཁོང་ཚོའི་བར་འཁྲུག་རྩོད་ཤོར་ཡོད་པ་དང་། མཐར་སྐུ་ཕུང་མི་མང་གིས་འདས་པོ་ཁོང་གི་ཁྱིམ་དུ་གདན་དྲངས་ཐུབ་ཡོད་འདུག

སྐབས་དེར་བླ་བྲང་དགོན་པའི་གྲྭ་མང་གིས་གནས་ཚུལ་དེ་ཐོས་ནས་ལམ་སེང་ཁོང་གི་ཁྱིམ་དུ་སྨོན་ལམ་དང་ཁྲུས་ཆོག་འདོན་དུ་ལམ་ལ་ཆས་ནས་སྲང་ལ་ཐོན་དུས། བདེ་སྲུང་དྲག་དམག་དང་ཉེན་རྟོག་པས་བཙན་གྱིས་བཀག་ནས་འགྲོར་མ་བཅུག་པས། པར་རིས་ནང་གསལ་བ་བཞིན་གྲྭ་མང་གིས་གཞུང་ལམ་སྟེང་དུ་སྨོན་ལམ་གསུང་དགོས་པ་བྱུང་འདུག

་རྡོ་རྗེ་རིན་ཆེན

འདས་པོ་རྡོ་རྗེ་རིན་ཆེན་ཁོང་ནི་ད་ལོ་རང་ལོ་༥༨དང་། སྐྱེ་ཡུལ་ཟ་ཡུས་ནང་སྡེ་བ་གོང་མ། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་ཐར་འཚོ། ཁོང་གཉིས་ལ་བུ་མོ་གཉིས་ཡོད་པ་ལས། བུའི་མིང་ལ་རྟ་བྷོའུ་དང་། བུ་མོའི་མིང་ལ་རིག་འཛིན་འཚོ་ཟེར་ཞིང་། ཁོང་ཚང་དུ་བསྡོམས་པའི་བཟའ་མི་བརྒྱད་ལས་གྲུབ་པའི་མི་ཚང་ཞིག་རེད།

གནས་ཚུལ་ལྟར་ན། འདས་པོ་ཁོང་ད་ནངས་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་དང་ཐོག་བླ་བྲང་དགོན་པར་མཆོད་མཇལ་དང་། སྐོར་བ་གང་ཐུབ་ཅིག་སོང་རྗེས། རྟེན་འབྲེལ་ཞིག་ལ་བརྟག་པ་ཡིན་ནམ་རྐྱེན་གང་ཡིན་མི་གསལ་ཡང་དགོན་པ་དང་རང་ཁྱིམ་བར་ཕར་འགྲོ་ཚུལ་འོང་ཐེངས་གསུམ་བྱས་ཏེ་མཐའ་མར་དེར་རང་ཁྱིམ་གྱི་ཕྱི་ནང་གང་སར་གཙང་སྦྲ་ཧ་ལས་པའི་ཡག་པོ་ཞིག་བྱས་ཡོད་པ་དང་། དེ་ནས་ཡར་རྒྱ་སྲང་གི་ཉེན་རྟོག་སྒོ་འགྲམ་དུ་སོང་སྟེ་རང་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་རེད། ད་ལྟའི་ཆར་ས་གནས་བོད་མི་མང་པོ་ཞིག་ཟ་ཡུས་སྡེ་བའི་ནང་བསྐྱོད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཉེན་རྟོག་དམག་མི་འགྲེམས་འཇོག་གིས་སྲང་ལམ་ཁག་ཏུ་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་བཀག་འགོག་སྟངས་འཛིན་བྱས་ཡོད་འདུག

ཚེས་༢༢ ཉིན་བླ་བྲང་དགོན་པའི་འདབས་ནས་དོན་འགྲུབ་ལགས་ཀྱིས་ རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་ རང་ལུས་མེར་བསྲེག་བཏང་རྗེས་གྲོངས་ཡོད་ཅིང་། མདང་དགོང་བཞུཊ་སྒར་རྡ་རམ་ས་ལར་དོན་འགྲུབ་ལཊ་ལ་མྱ་ངན་གུས་འདུད་ཀྱི་འདུ་འཛོམས་ཤིག་ཚོཊ་ཡོད་པ་རེད།

ས་གནས་གཞོན་ནུ་ལྷན་ཚོཊ་དང་བུད་མེད་ལྷན་ཚོཊ་ བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་བྱས་ཏེ་ ཁ་གྱའི་དོན་འགྲུབ་ལགས་ལ་མྱ་ངན་གྱི་འདུ་འཛོམས་ཤིག་སྐོང་ཚོཊ་བྱས་པའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་དང་ཕྱི་རྒྱལ་བ་བཅས་འདུ་འཛོམས་ཀྱིས་ དོན་འགྲུབ་ལགས་དང་། བོད་དོན་ཆེད་རང་སྲོག་བློས་བཏང་བ་རྣམས་ལ་མྱ་ངན་གུས་འདུད་ཀྱིས་སྐར་མ་གཅིག་རིང་ངག་བཅད་དང་། གཏམ་བཤད་རིམ་པ་གནང་ཡོད་འདུག གཞན་ཡང་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོིཊ་གཉིས་ཀས་ཡང་བསྐྱར་བོད་ནང་རང་ལུས་མེར་བསྲེག་གི་དོན་རྐྱེན་ཛ་དྲག་ཏུ་གྱུར་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་ཐུཊ་སྣང་དང་རྒྱབ་རོགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ད་ལོའི་ཕྱི་ཟླ་༨ པ་ནས་མདོ་སྨད་ཀན་ལྷོ་རང་སྐྱོང་ཁུལ་མངའ་ཁོངས་སུ་སྒྲོལ་དཀར་འཚོ་དང་སངས་རྒྱས་རྒྱ་མཚོ། རྟ་མགྲིན་རྡོ་རྗེ། ལྷ་མོ་སྐྱབས། དོན་འགྲུབ་བཅས་ཀྱིས་བསྟུད་མར་རང་ལུས་མེར་བསྲེཊ་བཏང་ཡོད་ཅིང་། དེ་རིང་ཡང་བསྐྱར་བསང་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།་རྡོ་རྗེ་རིན་ཆེན

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎