གསར་འགྱུར་ཡིག་ཚགས།
2021-11-24
སེམས་པ་བཟང་པོ་བྱ་རྒྱུ་དེ་ཤེས་ཡོན་ལམ་སྲོལ་གྱི་ནང་བཅུག་ཐུབ་ན་ལུས་སེམས་བདེ་ཐང་དང་ཁྱིམ་མི་ཕན་ཚུན་དང་སྤྱི་ཚོགས་འཛམ་གླིང་བཅས་ཞི་བདེ་ཡོང་ཆེད་ཕན་ཐོགས་ཡོད་ཅེས་༧གོང་ས་མཆོག་གིས་སྦི་ར་ཛིལ་གྱི་(Palas Athena)་ཚོགས་པའི་ཚོགས་མི་ཚོར་བཀའ་གནང་ཡོད་པ་རེད།
2021-11-23
ཨ་མི་རི་ཀས་མེ་ཤུགས་འཕུར་མདེལ་གཏོར་རྒོལ་བྱེད་ཐུབ་པའི་དམག་གྲུ་ཐེ་ཝན་དང་རྒྱ་ནག་གི་མཚོ་ཁར་བཏང་ནས་སྐོར་བསྐྱོད་བྱས་འདུག
2021-11-23
ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཚོགས་པའི་འགོ་ཁྲིད་ཟུར་པ་ཞིག་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དང་འགལ་བའི་ཉེས་འཛུགས་བྱས་ནས་ལོ་གསུམ་དང་ཕྱེད་ཀ་མ་ཟིན་ཙམ་གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག
2021-11-23
བོད་རིགས་ཁ་ཆེ་དང་བོད་རིགས་ནང་པའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་ནི་བོད་མི་ཚོ་སྤོབས་པ་སྐྱེས་དགོས་པ་ཞིག་ཡིན་པ་༧གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་གྱི་དབྱིན་སྐད་མདོ་འཛིན་པ་ཁ་ཆེ་ས་ཀཱི་ན་བྷཌ་ལགས་ཀྱི་མཇལ་ཁའི་སྐབས་སུ་བཀའ་གནང་འདུག
2021-11-22
རྒྱ་གར་ཨནྡྲ་མངའ་སྡེའི་ཁུལ་དུ་ཆར་ཞོད་ཀྱི་དཀའ་ངལ་འཕྲད་བཞིན་པར་༧གོང་ས་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཐུགས་གསོ་གསུང་འཕྲིན་བསྩལ་འདུག
2021-11-22
རྡ་སྟེང་བོད་ཁྱིམ་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་༢༢་ཐོན་ཡོད་པ་དང་འདས་བའི་ཉིན་ཤས་ནང་རྒྱ་གར་རྒྱལ་ཡོངས་སུ་བོད་མི་༨༤་ལ་ཏོག་དབྱིབས་ནད་རྟགས་ཐོན་འདུག
2021-11-22
༢༠༢༢་ལོར་རྒྱ་ནག་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་བསྐོང་རྒྱུར་ངོ་རྒོལ་ཆེད་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་བཅུ་བཞིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག
2021-11-20
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་བྱང་ཨ་རིའི་དོན་གཅོད་གསར་པར་བསྐོ་གཞག་གནང་ཡོད་པ་རེད།
2021-11-19
རྒྱ་ནག་གི་དྲྭ་སྤོལ་རྩེད་འགྲན་མ་གྲགས་ཅན་ཕུན་ཧྲའེ་ཡི་གནས་སྟངས་ཁ་གསལ་མ་བྱུང་ཚེ་རྒྱལ་སྤྱིའི་བུད་མེད་དྲྭ་སྤོལ་(Tennis)་རྩེད་འགྲན་མཐུན་ཚོགས་ཀྱི་རྩེད་འགྲན་རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པ་རེད་འདུག
2021-11-19
བོད་ནང་གི་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་གཞུང་ཞབས་ལས་ཀ་རག་རྒྱུ་དཀའ་ལས་ཁག་པོ་ཡོད་པ་བཞིན་ལྷ་སར་མི་མང་གིས་གཞུང་ལ་ཕུལ་བའི་བསམ་ཚུལ་མང་ཤོས་སློབ་མ་ཚོར་ལས་ཞུགས་ཀྱི་གོ་སྐབས་ཉུང་བའི་བསམ་ཚུལ་ཕུལ་ཡོད་འདུག
2021-11-19
བཙན་བྱོལ་བོད་མི་ཚོས་ཆབ་སྲིད་ཀྱི་སྐད་འབོད་གཅིག་པུ་མིན་པར་བོད་ཀྱི་རིག་གཞུང་གི་ཐོག་ཞབས་འདེགས་སྒྲུབ་ཐུབ་ན་བོད་མི་རིགས་ལ་ཕན་ཐོགས་ཡོད་པ་༧གོང་ས་མཆོག་གིས་སྲིད་སྐྱོང་དང་བཀའ་བློན་རྣམ་པར་བཀའ་བསྩལ་སོང་།
2021-11-18
ཐེ་ཝན་དུ་ཕྱི་རྒྱལ་སློབ་ཕྲུག་གི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་ཁྲོད་བོད་རིགས་སློབ་ཕྲུག་ཚེ་རིང་མཐར་ཕྱིན་ལགས་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་འདུག
2021-11-18
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་ཞིབ་མཇུག་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཕྱིར་བསྒྲགས་བྱེད་རྒྱུ་ལ་སོགས་པ་བོད་དོན་དང་འབྲེལ་བའི་ལས་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་གནང་ཡོད་འདུག
2021-11-18
རྡ་སྟེང་བོད་ཁྱིམ་གྱི་ལས་བྱེད་དང་སློབ་ཕྲུག་ཉི་ཤུ་ལ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པར་བརྟེན་ས་གནས་རྫོང་གིས་བཀག་རྒྱའི་ས་ཚིགས་སུ་ངོས་འཛིན་གནང་འདུག
2021-11-17
ཨ་མི་རི་ཀ་དང་རྒྱ་ནག་གིས་གསར་འགོད་པར་མཐོང་མཆན་སྤྲོད་ཕྱོགས་ལྷོད་དུ་གཏོང་རྒྱུར་མོས་མཐུན་བྱུང་འདུག