པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་དྲན་བསྐུལ།
2008.06.02
༄༅༎པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་རྩེད་འགྲན་གཟིགས་བར་ཕེབས་མཁན་ཕྱི་རྒྱལ་མི་རིགས་རྣམས་ཀྱིས་རང་རང་སོ་སོའི་སྤྱོད་ཚུལ་ཡག་པོ་དགོས་སྐོར་དྲན་བསྐུལ་གནང་ཡོད་པ་རེད་
ཨོ་ལིམ་པིག་གོ་སྒྲིག་ཚོགས་ཆུང་གི་དྲ་རྒྱའི་ནང་དམ་བསྒྲགས་བྱེད་པའི་ཐོ་གཞུང་ཞིག་བཀོད་པའི་ནང་ངོ་རྒོལ་གྱི་ལས་འགུལ་སོགས་གཙོས་པའི་ཐ་ན་ཕྱི་ཕྱོགས་ལ་ཉལ་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད་ དེ་བཞིན་ཕྱི་རྒྱལ་གྱི་གཟིགས་མོ་གཟིགས་མཁན་རྣམས་པར་རྩེད་འགྲན་གཟིགས་རྒྱུའི་ལག་འཁྱེར་ཀྲི་སི་ཡོད་ནའང་ ཝི་ཛ་ཐོངས་མཆན་ཐོབ་པའི་འགན་ལེན་གནང་ཐུབ་ཐབས་མེད་སྐོར་བཀོད་ཡོད་པ་རེད་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་རྩེད་འགྲན་ཐོག་གཏོར་རྒོལ་གཏང་རྒྱུའི་འཆར་གཞི་ཡོད་མཁན་དང་རིག་འཚོ་མ་ཟིན་པ་ བསོ་མེག་འགོས་ནད་ཡོད་མཁན་ སྨན་ཚོང་གི་ལས་དོན་གཉེར་མཁན་རྣམས་རྩེད་འགྲན་དུ་བསྐྱོད་བཅུག་རྒྱུ་མིན་སྐོར་གསུང་ཡོད་པ་རེད་ རྩེད་འགྲན་ཚོགས་ཆུང་གི་སྒྲིག་གཞིའི་ནང་རྒྱ་ནག་གི་ཡུལ་དེའི་ས་གནས་མང་པོ་ཞིག་སྤྱི་བདེ་མི་སྣ་དང་གཞུང་གི་ལས་བྱེད་ཀྱིས་ཆོག་མཆན་མེད་པར་བསྐྱོད་མི་ཆོག་པའི་ཡུལ་ཞིག་ཡིན་སྐོར་ཉེན་བརྡ་བཏང་ཡོད་པ་རེད་
འདི་ལོ་ཕྱི་ཟླ་ ༨ པའི་ནང་ཚོགས་རྒྱུའི་པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་དེར་ཕྱི་རྒྱལ་གྱི་གཟིགས་མོ་གཟིགས་མཁན་མི་གྲངས་ ༥༠༠༠༠༠ སྐོར་ཞིག་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད་