ཤི་རི་ལངྐའི་ནང་བཙོན་པ་༣༦ཙམ་གྱིས་ཟས་བཅད་ངོ་རྒོལ།
2011.07.17
༄༅༎ཤི་རི་ལངྐའི་ནང་བཙོན་པ་༣༦ཙམ་གྱིས་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱལ་ས་ཀོ་ལོམ་སྦོ་ནས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་ བྱང་ཕྱོགས་ཀྱི་ཁྲོང་ཁྱེར་ལྦ་ལྦུ་ནི་ཡ་ཞེས་པར་བཙོན་པ་ཁག་ཅིག་གིས་ཁོང་ཚོའི་གནས་སྟངས་གང་མགྱོགས་གནང་དགོས་པ་དང་ ཡང་ན་གློད་གྲོལ་དགོས་ལུགས་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་བྱས་ཡོད་འདུག ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེར་ཐོག་མའི་འཆར་བཙོན་པ་བཞི་ལས་མེད་ཀྱང་རྗེས་སུ་མང་པོ་མཉམ་ཞུགས་ཀྱིས་ད་ཆ་བཙོན་པ་༣༦ཙམ་ཟས་བཅད་ངོ་རྒོལ་ནང་འཛུལ་ཞུགས་བྱས་ཡོད་འདུག གཞུང་གིས་བཙོན་པ་དེ་དག་གི་གནས་སྟངས་ཁྲིམས་ཐོག་ནས་ཞིབ་འཇུག་གནང་མུས་ཡིན་ལུགས་གལས་བཤད་གནང་འདུག བཙོན་པ་དེ་དག་ནས་ཁག་ཅིག་དེ་སྔ་ཏ་མིལ་གྱེན་ལོག་པ་ཁོངས་གཏོགས་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད། ཕྱི་ལོ་༢༠༠༩ལོར་ཏ་མིན་གྱེན་ལོག་པ་མཚར་གཅོད་བྱེད་སྐབས་གྱེན་ལོག་པ་ཆིག་ཁྲི་ཆོག་སྟོང་ཙམ་འཛིན་བཟུང་ངམ་མགོ་འགུར་བ་རེད༎