བྱང་ཀོ་རི་ཡས་གློད་གྲོལ་བཏང་བའི་ཨ་རིའི་ཡུལ་མི་གསུམ་པོར་སྲིད་འཛིན་གྱིས་དགའ་བསུ།


2018.05.10
བྱང་ཀོ་རི་ཡས་གློད་གྲོལ་བཏང་བའི་ཨ་རིའི་ཡུལ་མི་གསུམ་པོར་སྲིད་འཛིན་གྱིས་དགའ་བསུ། བྱང་ཀོ་རི་ཡས་གློད་གྲོལ་བཏང་བའི་ཨ་རིའི་ཡུལ་མི་གསུམ་པོར་ཨ་རིའི་སྲིད་འཛིན་གྱིས་གནམ་ཐང་ནས་དགའ་བསུ་དང་ཀིམ་ལ་བསྔགས་བརྗོད་གནང་འདུག
ཨེ་པི།

དེ་ཡང་བྱང་ཀོ་རི་ཡས་གློད་གྲོལ་བཏང་བའི་ཨ་རིའི་ཡུལ་མི་གསུམ་ཕྱི་ཟླ་ ༥ ་ཚེས་༡༠་རེས་གཟའ་ཕུར་བུའི་ཐོ་རེངས་རྒྱལ་ས་ཝ་ཤིང་ཀྲོན་གྱི་ཉེ་འཁྲིས་སུ་ཡོད་པའི་ཨ་རིའི་དམག་དོན་ཁང་གི་གནམ་ཐང་(Andrews) ཞེས་པར་འབྱོར་སྐབས། ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Donlad Trump) མཆོག་དང་། ཁོང་གི་སྐུ་ཟླ་མེ་ལེ་ནི་ཡ་(Melania) རྣམ་གཉིས་ཕོ་བྲང་དཀར་པོ་ནས་ཐད་འཕུར་གནམ་གྲུ་ཞིག་ནང་ཕེབས་ནས་ཁོང་གསུམ་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག དེ་ནི་ཨ་རིའི་སྲིད་འཛིན་ཏྲམཔ་(Trump) མཆོག་དང་བྱང་ཀོ་རི་ཡའི་དབུ་ཁྲིད་(Kim Jong Un) རྣམ་གཉིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཇལ་འཕྲད་མ་གནང་གོང་བྱང་ཀོ་རི་ཡས་བཟང་ཕྱོགས་ཀྱི་གོམ་བགྲོས་ཤིག་སྤོས་ནས་ཨ་རིའི་ཡུལ་མི་གསུམ་དེ་བཙོན་གྲོལ་བཏང་བ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ཏྲམཔ་མཆོག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིངྒ་པུར་རུ་ངོ་མཇལ་གནང་རྒྱུ་ཐག་གཅོད་གསལ་བསྒྲགས་བྱས་ཡོད་ཅིང་།  འདི་ནི་ཕྱི་ལོ་ ༡༩༥༣ ལོར་ལྷོ་བྱང་ཀོ་རི་ཡའི་དམག་འཐབ་བྱུང་རྗེས། ཨ་མི་རི་ཀའི་སྲིད་འཛིན་ཞིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཞིག་ཐུག་འཕྲད་གནང་པ་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།
སྲིད་འཛིན་(Trump) མཆོག་གིས། ངས་བྱང་ཀོ་རི་ཡའི་དབུ་ཁྲིད་(Kim) དང་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ། ང་ཚོའི་མི་བཟང་པོ་གསུམ་པོ་དེ་བཙོན་གྲོལ་ཐོབ་ནས་ཨ་རིར་ཕྱིར་ལེན་ཐུབ་ཀྱི་རེད་བསམ་བྱུང་ཡང་ (Kim Joung-un) ཀྱིས་ལྷན་ཚོགས་ཀྱི་སྔོན་ཁོང་གསུམ་གློད་གྲོལ་བཏང་བ་དེ་ནི་ཡག་པོ་རེད། དྲང་པོ་ཞུས་ན། ང་ཚོས་དེ་འདྲ་ཡོང་གི་རེད་བསམ་མ་བྱུང་། འོན་ཀྱང་དེ་འདྲ་བྱུང་བ་རེད་ཅེས་གསུངས་འདུག
ད་དུང་སྲིད་འཛིན་(Trump) མཆོག་གིས་བྱང་ཀོ་རི་ཡ་དང་ལྷན་དུ་དོན་དང་ལྡན་པའི་བཟང་ཕྱོགས་ཀྱི་འབྲེལ་བ་བྱ་རྒྱུའི་གོ་སྐབས་བཟང་པོ་ཡོད་ལུགས་ཀྱང་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎