ཤྲི་ལངྐའི་སྲིད་འཛིན་ཁྱུ་བར་འཚམས་གཟིགས་སུ་ཕེབས་པ།
2012.06.17
༄༅༎ཤྲིལངྐའི་སྲིད་འཛིན་ར་ཇ་པཀ་སེ་མཆོག་ཁྱུ་བའི་ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་ནས་ རེས་གཟའ་སྤེན་པའི་ཉིན་ཡུལ་དེའི་སྲིདའཛིན་རའོལ་ ཀེསེ་ཊོརོ་དང་མཇལ་འཕྲད་ཀྱིས་མཚོ་གླིང་གི་ཡུལ་གཉིས་ཀྱི་འབྲེལ་ལམ་རྒྱལ་སྤྱིའི་འབྲེལ་ལམ་སྐོར་བཀའ་བསྡུར་གནང་ཡོད་འདུག། ཤྲི་ལངྐའི་སྲིད་འཛིན་རེས་གཟའ་པ་སངས་ཉིན་ཀྱུ་བའི་ནང་རེས་གཟའ་པ་སངས་ཉིན་འབྱོར་གནང་ཡོད་པ་དང་རེས་གཟའ་མིག་དམར་ཉིན་བྭ་ར་ཛིལ་ལ་ཐོན་གནང་གིས་ཡུལ་དེའི་རྒྱལ་ས་རིའོ་ཌི་ཇི་ནོ་རོ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཚོགས་ཆེན་ནང་མཉམ་ཞུགས་གནང་གི་འདུག།