རྒྱ་རི་རིན་པོ་ཆེ་མཆོག་ནས་བོད་རྒྱའི་གྲོས་མོལ་སྐོར་གྱི་གསུང་གླེང།

མ་འོངས་བོད་ཀྱི་གནད་དོན་དེ་བས་ཛ་དྲག་ཏུ་འགྲོ་ཉེན་རྒྱུ་ཡིན་ལུགས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་གསལ་སྟོན་གནང་འདུག

2008.10.08

༄༅༎བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གྲུབ་འབྲས་ཐོན་པ་ཞིག་མ་བྱུང་ཚེ་མ་འོངས་བོད་ཀྱི་གནད་དོན་དེ་བས་ཛ་དྲག་ཏུ་འགྲོ་ཉེན་རྒྱུ་ཡིན་པ་རེད་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་ཁ་ས་གསལ་སྟོན་གནང་འདུག

ཁ་ས་རེས་གཟའ་མིག་དམར་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཨེ་ཤེ་ཡའི་སྤྱི་ཚོགས་ཞེས་པའི་ཞིབ་འཇུག་ཁང་ནང་གཏམ་བཤད་ཞིག་སྤེལ་གནང་ཡོད་པའི་ནང་གལ་སྲིད་བོད་ཀྱི་གནད་དོན་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་རིང་སེལ་མི་ཐུབ་པ་ཡིན་ན་བོད་མི་འགའ་རེས་དྲག་པོའི་འཐབ་རྩོད་བྱེད་སྲིད་པས་དེ་ཡིས་བོད་མི་ཚོར་རྒྱལ་ཁ་ཐོབ་དོག་ཁ་པོ་མ་རེད་ དེ་ལས་ལྡོག་ཏེ་མཇུག་འབྲས་སུ་ང་ཚོར་དཀའ་ངལ་མང་དུ་འཕྲད་རྒྱུ་རེད་ ད་ལྟའི་གནས་སྟངས་དེ་བཞིན་ཡོང་རྐྱེན་གཙོ་བོ་དེ་རྒྱ་ནག་གི་སྲིད་ཇུས་ལ་ཐུགས་བསྡད་ཡོད་པ་རེད་ཅེས་གསུང་ཡོད་པ་རེད་ རྒྱ་རི་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུང་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་དང་སྤྱི་ཚོགས་རིང་ལུགས་ཀྱི་བལྟ་གྲུབ་བོད་ནང་མུ་མཐུད་ལག་བསྟར་བྱ་རྒྱུ་སོགས་ཐུགས་མཐུན་གནང་ཡོད་ནའང་དམར་ཤོག་ཚོགས་པའི་ལམ་ལུགས་འོག་བོད་མི་ཚོས་དཀའ་སྡུག་མྱང་ཡོད་ཙང་༸གོང་ས་མཆོག་གི་བཞེངས་ཕྱོགས་དེའི་ཐད་བོད་མིའི་སྤྱི་ཚོགས་ནང་མོས་མཐུན་བྱེད་མཁན་མང་པོ་ཡོད་པ་ཁྱབ་ཀྱི་ཡོད་པ་མ་རེད་ དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་སེལ་གནང་འདོད་ཡོད་པ་ཡིན་ན་གནད་དོན་དེ་ཐག་གཅོད་ཐུབ་ངེས་ཞིག་ཡིན་པ་རེད་ རྒྱ་ནག་གཞུང་གིས་བོད་མིའི་ངོས་ནས་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་དང་གནས་བབས་གང་འདྲ་ཞིག་ལ་ངོས་འཛིན་གནང་མིན་གྱི་གནས་ཚུལ་ཤེས་འདོད་ཡོད་པ་བཞིན་ད་རེས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་བོད་མིའི་རང་སྐྱོང་གནས་བབས་ཀྱི་བསམ་ཚུལ་ཐོག་གནས་ཚུལ་གླེང་རྒྱུ་ཡིན་པས་དེའི་ཐད་རྒྱ་ནག་གཞུང་ཕྱོགས་ནས་གོ་བསྡུར་ཟབ་ནན་ཞིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་གསུང་གླེང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎