མེ་ཤུཊ་འཕུར་མདེལ་ལས་གཞིའི་བདེ་སྲུང་འཛུཊ་སྐྲུན་ས་གནས་གསར་བ།
2016.09.30
ལྷོ་ཀོ་རི་ཡའི་ནང་ཨ་རིའི་མེ་ཤུགས་འཕུར་མདེལ་ལས་གཞིའི་བདེ་སྲུང་འཛུགས་སྐྲུན་ཆེད་ས་གནས་གསར་པ་ཞིག་བདམས་ཡོད་འདུག
དེ་ཡང་ལྷོ་ཀོ་རི་ཡའི་དམག་དོན་ཚན་པས་འདི་ཚེས་༣༠་ཉིན་གནས་ཚུལ་སྤེལ་བ་ཞིག་ཨེ་པི་གསར་ལས་ཁང་ནས་ལུང་འདྲེན་བྱས་བ་ལྟར་ན། ལོ་འདིའི་ཕྱི་ཟླ་བདུན་པའི་ནང་བདེ་སྲུང་ལས་ཁུངས་ནས་Seongju་ཞེས་པའི་ཞིང་ལས་འདེབས་ཡུལ་གྱི་ས་གནས་ཞིག་ཏུ་བདེ་སྲུང་ལས་དོན་གྱི་འཛུགས་སྐྲུན་ལས་གཞིའི་ཆེད་བདམས་ཐོན་བྱས་ཡོད་ཀྱང་། ས་གནས་ཡུལ་མི་ཚོས་ལས་གཞི་དེས་རྐྱེན་པས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་ཕོག་རྒྱུའི་ཉེན་ཁ་ཡོད་ལུགས་བཤད་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་སྟབས། ད་ཆ་ས་ཆ་གསར་པ་ཞིག་འདེམས་ཡོད་ལུགས་བཀོད་འདུག
གསར་དུ་བདམས་པའི་ས་ཁུལ་དེ་བདག་པོ་ནི་ལྷོ་ཀོ་རི་ཡའི་ནང་། Lotte་ཞེས་པའི་ཚོང་དོན་ཚན་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ས་གནས་འདིར་Golf Course་འམ་རྩེད་ཐང་ཞིག་ལ་བེད་སྤྱོད་བྱེད་བཞིན་ཡོད་འདུག
ཡང་ལྷོ་ཀོ་རི་ཡའི་བདེ་སྲུང་ལས་ཁུངས་ཀྱི་མིང་འདོན་གནང་འདོད་མེད་པའི་ལས་བྱེད་ཞིག་གིས་ཨེ་པི་གསར་ལས་ཁང་ལ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ཁག་ཅིག་ས་གནས་དེར་རྟོག་ཞིབ་སླད་བསྐོར་བསྐྱོད་གནང་བའི་སྐབས། ས་གནས་གྲོས་ཚོགས་འཐུས་མི་དང་ས་གནས་འབྲེལ་ཡོད་ལས་བྱེད་འགའ་ཤས་ནས་གོང་ཞུས་ས་ཁུལ་དེ་ཞིང་འཛུགས་སྐྲུན་མང་པོ་བྱེད་མི་དགོས་པ་སོགས་འོས་ཤིང་འཚམས་པ་ཞིག་ཡིན་པའི་བསམ་ཚུལ་བཏོན་མཁན་བྱུང་ཡོད་འདུག གོང་ཞུས་མེ་ཤུགས་འཕུར་མདེལ་གྱི་ལས་གཞི་འཛུགས་སྐྲུན་བྱེད་དགོས་པའི་དམིགས་ཡུལ་ནི། ལྷོ་ཀོ་རི་ཡ་དང་ཨ་རི་གཉིས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཡང་སེ་བྱེད་བཞིན་པ་དེར་གདོང་ལེན་བྱེད་ཐབས་སུ་ཡིན་ལུགས་གསུངས་ཀྱི་ཡོད་འདུག འོན་ཀྱང་ལས་འཆར་དེས་བྱང་ཀོ་རི་ཡ་ཙམ་མ་ཡིན་པར་རྒྱ་ནག་ཀྱང་ཁོང་ཁྲོ་ལངས་དགོས་པ་ཞིག་ཆགས་རྒྱུ་ཡིན་ལུགས་དཔྱད་ཞིབ་བྱས་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།