རྒྱ་མཚོའི་གནད་དོན་འབྲེལ་རྒྱ་ནག་གིས་ཨ་རིར་སྐྱོན་འཛུགས།


2015.07.30
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གྲུ་གཟིངས་བསྐྱོད་བཞིན་པ། ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གྲུ་གཟིངས་བསྐྱོད་བཞིན་པ།
AFP

ཨ་རིའི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དྲག་པོའི་ལས་དོན་ཤུགས་ཆེ་རུ་གཏོང་གི་ཡོད་སྐོར་རྒྱ་གཞུང་གིས་སྐྱོན་འཛུགས་བྱས་འདུག  
དེ་ཡང་འདི་ཚེས་༣༠ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་Yang Yujunགྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གཏམ་བཤད་བྱས་པའི་ནང༌། ཨ་རི་གཞུང་གིས་རྒྱ་ནག་ཕྱོགས་ནས་དམག་འཐབ་ཀྱི་ཉེན་ཁ་ཡོད་ཚུལ་གྱི་འུར་བསྒྲོགས་བྱས་ཏེ། དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དྲག་པོའི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་པ་དང༌། དེ་བཞིན་མངའ་ཁུལ་དེའི་ནང་རྒྱལ་ཁབ་གཞན་དང་མཉམ་དུ་དམག་སྦྱོང་ཡང་སེ་བྱས་དང་བྱེད་བཞིན་པ་དེ་དག་ལ་ང་ཚོར་སེམས་ཚབས་ཆེན་པོ་ཡོང་གི་འདུག ཁོ་ཚོའི་བྱེད་སྟངས་དེ་ཚོར་བལྟས་པ་ཡིན་ཚེ། རྐང་བཙུགས་ནས་རྙོག་ཟིང་སློང་ཐབས་བྱེད་ཀྱི་ཡོད་པའི་མཐོང་ཚུལ་ཞིག་མང་ཚོགས་ཀྱི་སེམས་ནང་རང་བཞིན་གྱི་ཡོང་གི་ཡོད་རེད་ཅེས་བཤད་འདུག
གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་དེ་ལྟར་བཤད་དགོས་དོན་ནི། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་ཕལ་ཆེ་བའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་བཤད་དེ་དེང་སྐབས་མཚོ་གླིང་དེ་དག་གི་ཐོག་དྲག་པོའི་རྟེན་གཞི་འཛུགས་བསྐྲུན་བྱེད་བཞིན་པ་མ་ཟད། མངའ་ཁུལ་དེའི་གཡས་གཡོན་ཏུ་ཡོད་པའི་རྒྱལ་ཁབ་ཚོའི་ཐོག་ལ་བཙན་ཤེད་དང་སྡིག་སྐུལ་བྱེད་བཞིན་ཡོད་སྟབས། རྒྱ་ནག་གི་ཉེན་ཁ་དེ་དག་ལ་གདོང་ལེན་བྱ་ཆེད་ཁུལ་དེར་ཨ་རིའི་གནམ་དམག་གི་འཕུར་བསྐྱོད་མང་དུ་གཏོང་བཞིན་པ་མ་ཟད། ཉིན་ཤས་གོང་ཨ་རིའི་མཚོ་དམག་དམག་སྤྱི་ Scott Swift ཡིས། མྱུལ་ཞིབ་གནམ་གྲུ་ཞིག་ནང་མངའ་ཁུལ་གྱི་བར་སྣང་ཐོག་འཕུར་བསྐྱོད་གནང་ཡོད་པ་དང༌། དེ་བཞིན་ཧྥེ་ལི་པིནས་མཉམ་དམག་སྦྱོང་ཐེངས་མང་བྱས་པ་དེ་དག་ལ་རྒྱ་ནག་གིས་མི་འདོད་པའི་རྣམ་པ་བཏོན་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎