བོད་མི་དྲུག་ནས་རྒྱ་གར་རྒྱལ་སར་བཟས་བཅད་ངོ་རྒོལ་འགོ་ཚུཌ།

བོད་པའི་ལོ་གསར་ཚེས་གཅིག་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་དྲུག་ནས་ཉིན་གསུམ་རིང་བཟས་བཅད་ངོ་རྒོལ་འགོ་བཙུགས་གནང་ཡོད་པ།

2009.02.25

༄༅༎ཁ་ས་བོད་པའི་ལོ་གསར་ཚེས་གཅིག་ཉིན་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་མདུན་བོད་མི་དྲུག་ནས་ཉིན་གསུམ་རིང་བཟས་བཅད་ངོ་རྒོལ་འགོ་བཙུགས་གནང་ཡོད་པ་དེར་རྒྱབ་སྐྱོར་མཚོན་ཆེད་བོད་མི་ལྔ་བརྒྱ་ཙམ་གྱིས་ལས་འགུལ་ནང་མཉམ་ཞུགས་གནང་འདུག

སྔ་ལོ་བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་མི་མང་པོ་ཞིག་རྒྱ་གཞུང་གིས་རྐྱེན་ལམ་དུ་བཏང་བ་དང་མང་པོར་རྨས་སྐྱོན་བཏང་བ།དེ་ལས་མང་བ་བཙོན་འཇུག་བྱས་པ་སོགས་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་དབང་བསྒྱུར་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུ་སླང་གཞིས་བྱེས་བོད་མི་ཡོངས་ཀྱིས་ད་ལོའི་ལོ་གསར་གཏོང་རྒྱུ་མིན་པའི་སེམས་ཐག་གཙང་བཅད་གནང་ཡོད་པ་བཞིན་ལོ་གསར་རིང་སྤྲོ་སྐྱིད་གཏོང་རྒྱུའི་ཚབ་ཏུ་རང་རང་སོ་སོ་གནས་སྡོད་བྱ་ཡུལ་ས་གནས་ཁག་ནང་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོང་ཞུས་ལས་འགུལ་དེ་གོ་སྒྲིག་གནང་འདུག ལས་འགུལ་དེའི་ནང་གཙོ་བོ་བོད་མི་དྲུག་གིས་བོད་ཚེས་གཅིག་ནས་གསུམ་བར་ཉིན་གསུམ་རིང་བཟས་བཅད་ངོ་རྒོལ་གནང་བཞིན་ཡོད་ནའང་ཁ་ས་ཚེས་གཅིག་ཉིན་གྱི་ལས་འགུལ་དེའི་ནང་བོད་མི་ལྔ་བརྒྱ་ཙམ་ཞིག་འདུ་འཛོམས་གནང་ཡོད་པའི་ནང་དགེ་འདུན་པ་ཚོས་དབུས་པའི་རྒྱ་གར་རྒྱལ་ས་ལྡི་ལིའི་མཐོ་སློབ་ཁང་འགྲིམས་བཞིན་པའི་བོད་པའི་སློབ་མ་དང་ས་གནས་བོད་མི།ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེ་གནང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་ཁམས་ཀྱི་གསར་འགོད་པ་བསོད་ནམ་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎