རྒྱལ་ཁབ་དྲུག་ནོ་བེལ་གཟེངས་རྟགས་མཛད་སྒོར་ཞུགས་རྒྱུ་མིན།

ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་རྒྱལ་ཁབ་དྲུག་ཙམ་ནས་མཉམ་ཞུགས་བྱེད་རྒྱུར་མོས་མཐུན་བྱེད་མེད་པའི་གནས་ཚུལ།

2010.11.18

༄༅༎ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་རྒྱལ་ཁབ་དྲུག་ཙམ་ནས་མཉམ་ཞུགས་བྱེད་རྒྱུར་མོས་མཐུན་བྱེད་མེད་པའི་གནས་ཚུལ་འདུག

དེ་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་ཨེ་ཨེཕ་པི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བར་ལྟར་ན། ལོ་འདིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུར་རྒྱལ་ཁབ་༣༦ཙམ་གྱི་གཞུང་ཚབ་ཕེབས་རྒྱུའི་ཞལ་བཞེས་བྱུང་བ་དང་། བཅུ་དྲུག་ནས་ད་བར་ལན་སྤྲད་མེད་པ་དང་། རྒྱ་ནག་དང་ར་ཤེ་ཡ་ ཨི་རག་ ཀ་ཛག་སེ་ཏན། ཀྱུ་པ། མོ་རོ་ཀོ་བཅས་རྒྱལ་ཁབ་དྲུག་ནས་མཉམ་ཞུགས་བྱེད་རྒྱུ་མིན་ལུགས་ལན་འབྱོར་ཡོད་ལུགས་གསུངས་འདུག འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་གནང་རྒྱུའི་གསལ་བསྒྲགས་གནང་བ་ནས་བཟུང་རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱས་པས་མ་ཟད་ཉེ་བའི་ཆར་རྒྱལ་ཁབ་ཁག་ལ་མཛད་སྒོའི་ཐོག་མཉམ་ཞུགས་བྱེད་པ་ཡིན་ན་འགྲིགས་ཀྱི་མེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་ནག་གཞུང་ནས་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་ཨ་མི་རི་ཀ་དང་། དབྱིན་ཡུལ། ཕ་རན་སི། འཇར་མན་བཅས་རྒྱལ་ཁབ་ཆེ་ཁག་ཚོས་མཛད་སྒོར་སྐུ་ཚབ་གཏོང་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། ཡང་ཁག་ཅིག་གི་གཞུང་ཚབ་ནས་རྒྱལ་ཁབ་སོ་སོའི་དབུས་གཞུང་ནས་ད་བར་བཀའ་ལན་མ་འབྱོར་བར་བརྟེན་ཐག་ཆོད་ཐུབ་པ་བྱུང་མེད་ལུགས་འགྲེལ་བརྗོད་བྱེད་མཁན་ཡོད་པའི་ཁོངས་སུ་པ་ཀི་སི་ཏན་དང་། རྒྱ་གར། ཨིན་རྡི་ནེ་ཤེ་ཡ་སོགས་ཡོད་པ་རེད།

ཡང་ཚོགས་ཆུང་ནས་གནད་དོན་འདིའི་སྐོར་གསལ་ཁ་བཏོན་གནང་བར། རྒྱལ་ཁབ་སོ་སོའི་ཐོག་ནས་སྐུ་ཚབ་བཏང་ཐུབ་མིན་ཆབ་སྲིད་ཀྱི་གནད་དགག་གཅིག་པུའི་ཐོག་ནས་ཡིན་ཁྱབ་པ་མེད། དཔེར་ན། ཕྱི་ལོ་༢༠༠༨ལོར་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་རྒྱུ་མཚན་འདྲ་མིན་གྱི་ཐོག་ནས་རྒྱལ་ཁབ་བཅུས་མཉམ་ཞུགས་བྱས་ཐུབ་མེད་པ་རེད་ཅེས་གསུངས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎