སྲིད་སྐྱོང་མཆོག་ལ་དྭགས་སུ་མགྲོན་འབོད་གནང་འདུག


2017.06.30
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག 2016 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག 2016
Lhuboom/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་ལ་དྭགས་དང་ལྡི་ལི་བཅས་སུ་ཕྱོགས་ཕེབས་གནང་འཆར་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་དྭགས་སུ་ཕྱོགས་ཕེབས་ཀྱིས་ཁུལ་དེའི་བོད་མི་ཚོས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བརྟན་བཞུགས་སྟར་འབུལ་གྱི་མཛད་སྒོའི་ཐོག་ཞུགས་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས ༢༨ ཉིན་ནས་ལ་དྭགས་སུ་ཆིབས་ཞལ་བསྒྱུར་ནས་ཁུལ་དེ་གར་ཟླ་ངོ་གཅིག་ཙམ་གྱི་རིང་མཛད་རིམ་འདྲ་མིན་སྐྱོང་བཞིན་ཡོད་པ་ལྟར། སྤྱི་ཟླ ༧ ཚེས ༦ ཉིན་༧གོང་ས་མཆོག་ཕྱི་ལུགས་ལྟར་དགོང་གྲངས ༨༢ ལ་ཕེབས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དང་བསྟུན་ལ་དྭགས་ཞི་བའི་ཚལ་རུ་ལ་དྭགས་བོད་རིགས་ཚོགས་པས་བཀོད་སྒྲིག་འོག་སྤྱི་ནོར༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མགྲོན་འབོད་གནང་བ་ལྟར། ཟླ་༧་ཚེས་༢་ཉིན་རྡ་ས་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྗེས། སྤྱི་ཚེས་ ༣ ཉིན། ལྡི་ལི་ནས་ལ་དྭགས་ཁུལ་དུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག
དེ་རྗེས་སྲིད་སྐྱོང་མཆོག་ཉིན་གཉིས་རིང་ལ་དྭགས་ཁུལ་དུ་གཞུང་འབྲེལ་ལས་དོན་ཁག་ཅིག་གྲུབ་རྗེས། སྤྱི་ཟླ་ ༧ ཚེས་ ༩ ཉིན་ལ་དྭགས་ནས་ལྡི་ལིར་ཕེབས་འབྱོར་གྱིས་ཚེས་ ༩ ནས་ ༡༡ བར་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎