དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་ལ་བློ་ཕམ་དང་ངོ་རྒོལ་ཡོད།


2014.05.09
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༥།༩ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༥།༩
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།
དོལ་རྒྱལ་རྗེས་འབྲངས་པ་ཚོ་རྒྱ་ནག་གི་ཆབ་སྲིད་ལག་ཆར་འགྱུར་བཞིན་པར་བློ་ཕམ་དང་ངོ་རྒོལ་ཡོད་པ་སྲིད་སྐྱོང་གིས་གསུངས་པའི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།

ཡིག་ཐོག་གསར་འགྱུར།

དོལ་རྒྱལ་རྗེས་འབྲངས་པ་ཚོ་རྒྱ་ནག་གི་ཆབ་སྲིད་ལག་ཆར་འགྱུར་བཞིན་པར་བློ་ཕམ་དང་ངོ་རྒོལ་ཡོད་པ་སྲིད་སྐྱོང་གིས་གསུངས་འདུག དེ་ཡང་ཚེས་༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། དེང་སྐབས་དོལ་རྒྱལ་ཚོགས་པས་སྐྱོན་འཛུགས་འདྲ་མིན་གྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་། ངོ་རྒོལ་བྱེད་བཞིན་པ་དེར་སྐྱོན་བརྗོད་དང་འབྲེལ། དོལ་རྒྱལ་ཚོགས་པས་ཤོད་བཞིན་པའི་སྐད་ཆ་དེ་དག་ནི་མང་ཚོགས་ལ་མགོ་སྐོར་གཏོང་གཞིའི་ཁུངས་མེད་ཀྱི་སྐྱོན་འཛུགས་རེད་ཅེས་དང་། དེང་སྐབས་༧གོང་ས་ཆེན་པོ་མཆོག་ལ་ངོ་རྒོལ་བྱེད་མཁན་དོལ་རྒྱལ་རྗེས་འབྲངས་དེ་དག་མང་ཆེ་བ་ཕྱི་རྒྱལ་མི་རིགས་ཆགས་ཀྱི་ཡོད་པ་དང༌། མི་སྣ་དེ་དག་གིས་ད་ལམ་རྒྱ་ནག་གི་གནོན་ཤུགས་འོག་ནོར་ཝེ་གཞུང་གི་དཔོན་རིགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་དེར་དགའ་བསུ་བྱས་བ་དེ་ལས་ཁོ་ཚོས་རྒྱ་ནག་གི་བརྒྱུད་སྐུལ་འོག་ལས་ཀ་བྱེད་ཀྱི་ཡོད་པ་གསལ་པོ་ཤེས་ཐུབ་པ་ཡིན། དོལ་རྒྱལ་ཚོགས་པས་མང་ཚོགས་མགོ་སྐོར་གཏོང་ཆེད་༧གོང་ས་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རྫུན་བཟོའི་སྐྱོན་འཛུགས་འདྲ་མིན་བྱེད་ཀྱི་ཡོད། སྐྱོན་འཛུགས་དེ་དག་གི་ནང༌། ཁོ་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ་དང༌། བོད་པའི་སྤྱི་ཚོགས་ནང་ཐོབ་ཐང་གཅིག་མཚུངས་རག་གི་མེད་སྐོར་སོགས་ཤོད་ཀྱི་ཡོད་ཀྱང༌། དོན་དངོས་ལ། རྒྱ་གར་ནང་སྡོད་མཁན་དང༌། ཕྱི་རྒྱལ་ལ་སྐྱོད་མཁན་དོལ་རྒྱལ་རྗེས་འབྲངས་པ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་གཉེར་གནང་བའི་ཡིག་ཆའི་ཐོག་ནས་རྒྱ་གར་གཞུང་གིས་གནང་བའི་ལག་འཁྱེར་ཐོག་ཕར་ཚུར་འགྲུལ་བསྐྱོད་བྱེད་ཀྱི་ཡོད་པ་སོགས་ལས་ཁོང་ཚོའོ་ཁ་ནས་བཤད་པ་དང་དོན་དངོས་གཉིས་རྒྱབ་འགལ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དོལ་རྒྱལ་བསྟན་པ་ནི་ནང་པའི་སྐྱབས་འགྲོ་དང་འགལ་བ་ཞིག་ཡིན་པ་མ་ཟད། དེ་ལྟར་བྱས་པ་ཡིན་ན། ཆོས་བརྒྱུད་ཁག་གི་དམ་གཙང་ལ་གནོད་ཀྱི་ཡོད་པའི་བསླབ་བྱ་སྐྱོན་པ་ལས། དོལརྒྱལ་རྗེས་འབྲངས་པ་ཚོས་ཁོ་ཚོར་ཤེས་ཡོན་དང༌། འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་དང༌། དེ་བཞིན་ཆོས་དད་རང་དབང་སྤྲོད་ཀྱི་མེད་སྐོར་ཤོད་བཞིན་པ་དེ་དག་ཁུངས་མེད་ཀྱི་སྐྱོན་འཛུགས་ཡིན་པ་ནི། དེ་སྔ་ཕྱི་ལོ་༡༩༩༨ལོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གནད་དོན་འདིའི་ཐད་ཞིབ་འཇུག་གནང་བའི་མཐའ་བསྡོམས་སུ་གསུང་ཡོད་པ་མ་ཟད། ཡང་ཕྱི་ལོ་༢༠༡༠ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་རྒྱ་གར་གྱི་ཁྲིམས་ཁང་ཞིག་ནས་ཀྱང་གཅིག་མཚུངས་ཀྱི་ཐག་གཅོད་ཞིག་གནང་ཡོད་ཅེས་གསལ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎