༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པར་གསུངས་ཆོས་དབུ་བཙུགས།


2014.11.11
 ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པར་གསུངས་ཆོས་གནང་བཞིན་པ། ༢༠༡༤།༡༡།༡༡ ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་པར་གསུངས་ཆོས་གནང་བཞིན་པ། ༢༠༡༤།༡༡།༡༡
ཨེ་ཤེ་ཡ་རང་དབང་རླུང་འཕྲིན

༧གོང་ས་མཆོག་གིས་བཀའ་ཆོས་སྐབས་དེང་རབས་ཀྱི་སློབ་གསོའི་ནང་དུ་བྱམས་བརྩེའི་བསླབ་བྱ་དགོས་གལ་ཆེན་པོ་ཡིན་པ་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཚོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དབུ་བཙུགས་གནང་ཡོད་པ་དང་། ཐེངས་འདིའི་ཀོ་རི་ཡའི་གསུང་ཆོས་སུ་ཀོ་རི་ཡ་ནས་དད་ལྡན་ཆོས་ཞུ་བ་དྲུག་བརྒྱ་ཙམ་ཆེད་བཅར་ཞུས་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་རིན་ཆེན་འཕྲེང་བ་མཛད་མཁན་རྒྱ་གར་གྱི་སློབ་དཔོན་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མའི་སྐོར་ཕྱག་དཔེ་མང་དག་ཅིག་མཛད་པའི་ཁོངས་ནས་གཙོ་བོ་དབུ་མ་རྩ་བ་ཤེས་རབ་ཡིན་པ་དང་། དབུ་མ་རིན་ཆེན་ཕྲེང་བ་ནི་གཙོ་བོ་རྒྱལ་པོ་ལ་གདམས་པ་ཡུལ་གྱི་ཆབ་སྲིད་ཆོས་བཞིན་སྐྱོང་སྟངས་སོགས་ལ་རོགས་ཕན་ཆེད་གསུངས་པ་ལྟ་བུ་ཞིག་ཡིན་པ་དང་། ནང་དོན་གཙོ་བོ་ནི་བདག་མེད་པ་དང་སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་ཡིན་ཞིང་། དེའི་མཇུག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་རྒྱས་པོ་ཞིག་ཀྱང་གསུངས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།  
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༡ནས་༡༣བར་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ཐེངས་འདིའི་གསུང་ཆོས་སུ་རྒྱལ་ཁབ་༥༧ཙམ་ནས་ཁྱོན་བསྡོམས་མི་གྲངས་༡༤༠༠ཙམ་ཆེད་བཅར་ཞུས་ཡོད་འདུག་པ་མ་ཟད། དེའི་ཐོག་བོད་རིགས་སེར་སྐྱ་བཅས་བསྡོམས་ཆོས་ཞུ་བ་༤༦༠༠ བརྒལ་བ་ཡོད་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

ཞིབ་ཕྲ་བཞུགས་སྒར་ནས་འདི་གའི་གསར་འགོད་པ་བློ་བྷེ་ཡིས་གནས་ཚུལ་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎