ཆོས་ལུགས་མཐུན་སྒྲིལ་དང་བོད་ཡིག་ལ་དོ་སྣང་གལ་ཆེ་གསུངས།


2015.03.12
༸གོང་ས་མཆོག་ནས་ཆོས་ལུགས་ཁག་མཐུན་སྒྲིལ་དགོས་པའི་བཀའ་སློབ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཤེས་རབ་གླིང་དུ་དགེ་འདུན་པ་མི་མང་རྣམས་ལ་ཆོས་ལུགས་མཐུན་སྒྲིལ་དགོས་པའི་བཀའ་སློབ་བསྩལ་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འདིན་དོན་ཡོད།

༧གོང་ས་མཆོག་གིས་ཆོས་ལུཊ་ཁག་མཐུན་སྒྲིལ་དང་བོད་མི་ཚོས་བོད་ཡིག་ལ་དོ་སྣང་གནང་དགོས་བ་གསུངས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་རྟེན་དང་བརྟེན་པ་བཅས་པར་རབ་གནས་དང་ཆོས་འབྲེལ་བསྩལ་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོིན་ཆེནཔོ་མཆོག་ལ་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་དབུ་བླ་ཀྭན་ཏིང་ཏའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་ཏེ་ཁ་ས་ཚེས་༡༡་ཉིན་དཔལ་སྤུངས་ཤེས་རབ་གླིང་དུ་ཞབས་སོར་འཁོད་པ་དང་། ༧གོང་ས་སྐྱབས་མགོིན་ཆེན་པོ་མཆོག་གིས་དཔལ་སྤུངས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་རྟེན་གསུམ་ལ་རབ་གནས་མཛད་ཡོད་ཅིང་། ཚེས་༡༢་ཉིན་སྒྲུབ་བརྒྱུད་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་དབང་དང་། བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བསྩལ་འདུག ཁ་སའི་ལྷན་འཛོིམས་སར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་ནང་། ལོ་རྒྱུས་ཀྱི་ཐོག་ནས་བྱས་རྗེས་ཆེན་པོ་ཡོད་པའི་སི་ཏུ་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་པ་དང་། འགྲོ་བའི་དོན་དུ་མཛད་འཕྲིན་ཆེན་པོ་བསྐྱངས་ཡོད་པ་དེའི་རྗེས་སུ་བཟུང་སྟེ་རིན་པོ་ཆེ་ཆུང་ཆུང་སྐབས་སུ་རུམ་གཏེགས་ནས་རྡ་རམ་ས་ལར་ཕེབས་སྐབས་སློབ་གཉེར་དམིགས་བསལ་ཐུགས་སྣང་གནང་སོང་ཞེས་དང་། འདིར་རིན་པོ་ཆེས་ཐུགས་ཁུར་བཞེས་ཏེ་དངོས་འབྲེལ་བསླབ་པ་སློབ་གཉེར་ཡོད་པ་མ་ཟད། རྒྱ་ཆེ་ཆུང་ལ་མ་ལྟོས་པར་རིག་པའི་གནས་ལྔ་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་ འབྲེལ་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་རིན་པོ་ཆེས་ཁ་ཡོད་ལག་ཡོད་ལག་ལེན་ཐོག་བསྟར་བ་བྱུང་འདུག ཧ་ཅང་ཡག་པོི་རེད་ཅེས་སོགས་བཀའ་གནང་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

ཕྱི་ཚེས༡༢ཉིན་ཤེས་རབ་གླིང་གི་བཤད་གྲྭ་གསར་པ་ལུང་རིགས་འཇམ་དཔལ་གླིང་དབུ་འབྱེད་མཛད་པ་དང་འབྲེལ། དགེ་འདུན་པ་དང་མི་མང་སྟོང་ཕྲག་མང་པོར་ཆོས་ལུགས་ཁག་མཐུན་སྒྲིལ་གནང་དགོས་པ་དང་བོད་མི་ཚོས་བོད་ཡིག་ལ་དོ་སྣང་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཡོད་པའི་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།

ཟླ་འདིའི་ཕྱི་ཚེས་༡༡ཉིན་གྱི་མཛད་འཆར་སྐོར་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎