སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་དང་མཇལ་འཕྲད་གནང་འདུག

2024.10.17
སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་དང་མཇལ་འཕྲད་གནང་སྐབས། ༡༠།༡༥།༢༠༢༤
CTA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཟླ་བ་འདིའི་སྤྱི་ཚེས་༡༣ནས་༡༥བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་ཏུ་འཚོགས་པའི་༢༠༠༠ཞི་བདེའི་གླེང་སྟེགས་ཀྱི་ཐོག་ལྷན་ཞུགས་ཀྱིས་བོད་དོན་གླེང་མོལ་གཏམ་བཤད་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་མཐའ་མར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(Prague Congress Centre)་གྲོས་ཚོགས་ལྟེ་གནས་ཁང་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་(Milan Vašina)་ལགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་དང་། ལྷག་པར་དུ་ཉེ་ལམ་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་ངོ་སྤྲོད་དང་འབྲེལ། དེ་མཚུངས་ཀྱི་ཁྲིམས་ཡིག་ཡོ་རོབ་རྒྱལ་ཁབ་ཚོས་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་སོགས་ཞུས་པར། སྐུ་ཞབས་(Milan Vašina)་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བོད་དོན་ལ་མུ་མཐུད་ངུ་རྒྱབ་སྐྱོར་གནང་རྒྱུ་མ་ཟད། གཞུང་འབྲེལ་ཐོག་ནས་བོད་དོན་དང་འབྲེལ་བའི་ལས་གཞི་ཁག་ཅིག་སྒྲིག་བཞིན་ཡོད་པ་དང་། དེའི་ནང་གཙོ་བོ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སྐོར་སོགས་ཡིན་པ་གསལ་སྟོན་གནང་འདུག
དེའི་རྗེས་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Jan Lipavský)་ལགས་དང་མཇལ་འཕྲད་ཀྱིས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་(Václav Havel)་ལགས་བར་གྱི་མཛའ་འབྲེལ་ལ་བརྟེན་ནས་བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་བ་འགོ་ཚུགས་པ་དེ་རྗེས་དྲན་འོས་པ་ཞིག་ཡིན་པས། སང་ལོར་༧གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་དང་འབྲེལ་ཏེ། མགོན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་(Václav Havel)་ལགས་བར་གྱི་མཛའ་བརྩེའི་འབྲེལ་ལམ་དྲན་གསོ་ཞུ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུང་འདུག
དེ་མིན་སྲིད་སྐྱོང་མཆོག་གིས་༢༠༠༠ཞི་བདེའི་གླེང་སྟེགས་ཀྱི་ངེས་སྟོན་པ་སྐུ་ཞབས་(Jakub Klepal)་ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Markéta Pekarová Adamová)་སོགས་དང་མཇལ་འཕྲད་གནང་སྟེ་ཐེངས་འདིའི་ཡོ་རོབ་མངའ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་སྒྲིལ་ཡོད་པ་རེད་འདུག།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎