སྲིད་སྐྱོང་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གཉིས་མཇལ་འཕྲད་གནང་འདུག

2024.10.16
སྲིད་སྐྱོང་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གཉིས་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གཉིས་མཇལ་འཕྲད་གནང་སྐབས། ༡༠།༡༥།༢༠༢༤
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཚེས་༡༥རེས་གཟའ་མིག་དམར་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་(Jan Lipavsky)་ལགས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་མར་ཀི་ཊ་པེ་ཀ་རོ་བ་(Marketa Pekarova Adamova)ལགས་གཙོས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་དང་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་སོགས་མཇལ་འཕྲད་གནང་ཡོད་འདུག

Sikyong Penpa Tsering Conducts High-Level Meetings in Prague (2).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་མར་ཀི་ཊ་པེ་ཀ་རོ་བ་(Marketa Pekarova Adamova )ལགས་དང་མཇལ་མོལ་གནང་སྐབས། ༡༠།༡༥།༢༠༢༤ པར། CTA


གཞན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་དུ་(Forum 2000)་ཞེས་པའི་ཞི་བདེའི་གླེང་སྟེགས་སུ་མཉམ་ཞུགས་གནང་ཡོད་པའི་སྐབས་དང་བསྟུན་འདི་ཚེས་༡༤གཟའ་ཟླ་བའི་ཉིན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་འགན་འཛིན་ལྕམ་(Veronica Mitkova)་ལགས་དང་། དེ་བཞིན་ཨེ་ཤེ་ཡ་སྡེ་ཚན་གྱི་(Patrick Rumlar)་ལགས་དང་མཇལ་འཕྲད་གནང་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འབྲེལ་ཡོད་འགན་འཛིན་དང་མཇལ་འཕྲད་གནང་བའི་སྐབས་ཁོང་གིས་བོད་ཀྱི་གནད་དོན་ཐད་ཐུགས་ཚབས་ཡོད་པ་གསུངས་བ་དང་ཆབས་ཅིག རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུས་སྐབས་ནམ་ཡོད་ལ་བོད་དོན་གླེང་སློང་གནང་བའི་བརྒྱུད་རིམ་དང་། དེ་བཞིན་ལོ་རྗེས་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་༩༠ཐམ་པར་ཕེབས་པའི་གོ་སྟོན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་ཐད་ལའང་བཀའ་མོལ་གནང་ཡོད་འདུག ཡང་སྲིང་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དང་ལྷན་བཅར་ཞུ་མཁན་སུད་སི་དང་ཤར་ཡོ་རོབ་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཀྱང་ཁོང་རྣམ་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུས་ཡོད་འདུག

Sikyong Penpa Tsering Conducts High-Level Meetings in Prague (1).jpg
་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་(Jiří Oberfalzer)་ལགས་དང་མཇལ་མོལ་སྐབས། ༡༠།༡༥།༢༠༢༤ པར། CTA


གཞན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་(Jiří Oberfalzer)་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་(Hayato Okamuru)་ལགས་རྣམ་གཉིས་དང་ཡང་མཇལ་འཕྲད་གནང་འདུག་ལ་ཁོང་གཉིས་ཀྱིས་བོད་དོན་ཐད་ཐུགས་སྣང་ཆེན་པོ་ཡོད་ལུགས་སོགས་གསུངས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ཨོ་ཀ་མུ་རུ་ལགས་ནི་ཨེ་ཤེ་ཡའི་མི་རིགས་འདྲེས་མ་ཞིག་ཡིན་པ་དང་། ཁོང་ནི་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་ལྟར། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཡོད་ལུགས་གསུངས་ཡོད་འདུག
དཔོན་རིགས་རྣམ་གཉིས་དང་མཇལ་འཕྲད་གནང་བའི་སྐབས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་དྲུང་ཆེ་(Katerina)་ཡང་ལྷན་བཅར་ཞུས་ཡོད་འདུག་ལ་ཁོང་གིས་ཡུལ་དེའི་ནང་བོད་མི་ཚོ་དང་མཉམ་བོད་དོན་ལས་འགུལ་སྤེལ་སྟངས་སོགས་ཀྱི་སྐོར་དེབ་ཞིག་ཀྱང་ཕུལ་ཡོད་འདུག
(Forum 2000)་ཞི་བདེའི་གླེང་སྟེགས་སུ་ཚོགས་བཅར་གནང་མཁན་ཚོར་དགོང་དྲོའི་གསོལ་སྟོན་ཞིག་བཤམ་པའི་སྐབས་སྲིད་སྐྱོང་མཆོག་ཀྱང་ཕེབས་ཞུགས་གནང་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཚོགས་བཅར་བའི་ཁོངས་སུ་ཡོད་པའི་དེ་སྔའི་པོ་ལེན་ཌའི་སྲིད་འཛིན་ཟུར་པ་(Lech Walesa)་ལགས་དང་གཞན་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་འཚམས་འདྲི་གནང་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎