སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་བ་དང་གྲོས་ཚོགས་འཐུས་མི་ཚོར་འཚམས་འཕྲིན་ཕུལ་འདུག

2021.06.25
སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་བ་དང་གྲོས་ཚོགས་འཐུས་མི་ཚོར་འཚམས་འཕྲིན་ཕུལ་འདུག སྲིད་སྐྱོང་མཆོག་གིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བརྒྱུད་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་ལགས་སུ་འཚམས་འཕྲིན་ཕུལ་སྐབས།
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་བརྒྱུད་ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་ལགས་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པར་འཚམས་འཕྲིན་ཕུལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་(Shinzo Abe)་ལགས་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འཕྲིན་གནང་བ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པའི་ལས་ཁུངས་སུ་ཕེབས་ཏེ་ཕུལ་ཡོད་འདུག
དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ལགས་སུ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ནང་འཁོད་དོན། སྐུ་ཉིད་མཆོག་གིས་ཉི་ཧོང་གི་སྲིད་བློན་གནང་བའི་སྐབས། དུས་རྟག་ཏུ་བོད་དོན་གླེང་སློང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འགན་དེ་རྒྱ་ནག་དམར་ཤོག་གཞུང་ལ་འཁུར་དུ་འཇུག་དགོས་པའི་སྐོར་གསུངས་ཡོད། སྐུ་ཉིད་མཆོག་གིས་འབད་བརྩོན་གནང་བ་དེས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་སྲིད་དོན་པ་རྣམས་ལ་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་དང་། དེ་ལ་བརྟེན་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་བརྒྱ་ལས་གྲུབ་པའི་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་གསར་འཛུགས་གནང་ཐུབ་ཡོད། ཅེས་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ལགས་ཀྱིས་བོད་དོན་སྐོར་ཉི་ཧོང་ནང་གླེང་སློང་ཤུགས་ཆེ་གནང་སྟབས། ཉི་ཧོང་བ་ཚོས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ལ་དོ་སྣང་དང་། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཅེས་འཁོད་ཡོད་པ་དང་། སྐབས་དེར་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གིས་གསུང་དོན། ཉི་ཧོང་གི་སྲིད་བློན་ཡིན་པའི་སྐབས་ངས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཚོགས་འདུའི་སྟེང་གླེང་སློང་ཞུས་ཡོད། བོད་མི་ཚོས་ངེས་པར་དུ་ཡོ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས། ཞེས་དང་། གཞན་ཡང་ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱིའི་སྐོར་བཀའ་འདྲི་གནང་བ་མ་ཟད། བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་རིམ་པའི་སྡིངས་ཆའི་སྟེང་དང་། དེ་བཞིན་ཉེ་ཆར་ཚོགས་ཟིན་པའི་འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་(G7)་ཞེས་པའི་དབུ་ཁྲིད་ཚོའི་ཚོགས་འདུའི་སྟེང་དེ་ཙམ་གླེང་སློང་གནང་མེད་སྟབས་ཐུགས་འཚབ་གནང་གི་ཡོད་པ་གསུངས་ཡོད་འདུག

Shimomura Hakubun.jpg
དེའི་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་ཤེས་རིག་བློན་ཆེན་ཟུར་པ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་(Shimomura Hakubun)་ལགས་དང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi)་ལགས་བཅས་ཁག་སོ་སོར་མཇལ་འཕྲད་ཀྱིས་སྲིད་སྐྱོང་མཆོག་གི་འཚམས་འཕྲིན་དེ་ཕུལ་ཡོད་འདུག
དེ་སྔོན་ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛུའི་ཨ་བྷེ་སོགས་ཀྱིས་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎