སྲིད་སྐྱོང་མཆོག་ཁེ་ཎ་ཌའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འབྱོར།

2022.05.03
སྲིད་སྐྱོང་མཆོག་ཁེ་ཎ་ཌའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འབྱོར། སྲིད་སྐྱོང་མཆོག་ཁེ་ཎ་ཌའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་འབྱོར་སྐབས། ༠༥།༠༢།༢༠༢༢
tibet.net

འདི་ཟླའི་ཚེས་༢ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རི་ནས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་(Ottawa)་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་སྐབས། རྒྱལ་སའི་ཁུལ་གྱི་ཨོ་ཏྲ་ཝ་བོད་རིགས་ཚོགས་པ་དང་། ཁེ་ཎ་ཌ་བོད་དོན་ལྷན་ཚོགས། ས་གནས་བོད་རིགས་མི་ཉུང་བས་ཨོ་ཏྲ་ལྦའི་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་པ་ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས། ད་ཐེངས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། སྲིད་སྐྱོང་སྐུ་སྒེར་གྱི་དྲུང་ཆེ་བསྟན་འཛིན་གསལ་སྒྲོན་ལགས་བཅས་ཆེད་ཕེབས་གནང་ཡོད་པ་དང་། ཁེ་ཎ་ཌའི་རྒྱལ་སའི་ཁུལ་དུ་འདི་ཚེས་གསུམ་ནས་ལྔ་བར་གཞུང་འབྲེལ་མཛད་རིམ་མི་ཉུང་བ་ཞིག་གནང་འཆར་ཡོད་པ་ལྟར། འདི་ཚེས་༣ཉིན་ཁེ་ཎ་ཌའི་དབུས་གྲོས་ཚོགས་འཐུས་མིའི་བོད་ཀྱི་གྲོགས་པོ་ཚོགས་པའི་གནད་ཡོད་མི་སྣ་ཚོས་ཕེབས་བསུ་སྣེ་ལེན་གནང་རྒྱུ་ཡིན་པ་དང་། དེ་མིན་ཉིན་གྲངས་གཉིས་པ་གསུམ་པ་ཁག་གི་ནང་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཉན་ཞིབ་དང་བགྲོ་གླེང་བཅས་ཀྱི་མཛད་འཆར་ཡོད་པ་གསུང་བྱུང་།
ཁེ་ཎ་ཌའི་རྒྱལ་སའི་ཁུལ་དུ་མཛད་རིམ་ཁག་འགྲུབ་རྗེས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཅིག་དང་ལྷན་དུ་མཛད་འཆར་ཁག་ཅིག་ཡོད་འདུག
བདུན་ཕྲག་སྔོན་མར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་གཞུང་འབྲེལ་གྱི་གདན་ཞུ་གནང་བ་ལྟར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་ཆེད་ཕེབས་ཀྱིས། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་དང་གཞན་གནད་དོན་མི་སྣ་མང་པོ་དང་མཉམ་བོད་དོན་མཇལ་མོལ་གནང་ཡོད་པ་རེད།
ཕྱི་ཟླ་༤བའི་ཚེས་༢༥ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་དང་མཇལ་འཕྲད་གནང་ནས་རྣམ་པ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཆུ་ཚོད་གཅིག་ལྷག་རིང་བོད་དོན་མཇལ་མོལ་གནང་ཡོད་པ་མ་ཟད་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཛེ་ཡ་(Uzra Zeya)་ལགས་འདི་ཚེས་༡༨དང་༡༩ ཉིན་གཉིས་རིང་བཞུགས་རྡ་རམ་ས་ལར་ཕེདས་ནས་༧གོང་ས་མཆོག་ལ་་མཇལ་ཁ་ཞུ་འཆར་ཡོད་པ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎