རྒྱ་ནག་གཞུང་གིས་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་འདུག སྲིད་སྐྱོང་མཆོག་གིས།
དེ་ཡང་རྒྱ་གར་གྱི་(PTI)་གསར་ལས་ཁང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲིའི་སྐབས་སུ། སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་༡༥འི་རིང་ནས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཐེ་ཇུས་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས། ཁོང་གིས་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་ཀྱང་མང་གཙོ་རིམ་འགྱུར་ཐད་ཀྱི་གྲ་སྒྲིག་བྱས་ནས་ཡོད་ཅེས་དང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་དེ་མུར་ལྷག་ན་བོད་མི་ཚོར་མཚོན་ན་གདོང་ལེན་བྱེད་དགོས་པའི་གནས་ཚུལ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་བཀའ་ལན་གནང་འདུག
ད་དུང་སྲིད་སྐྱོང་མཆོག་གིས་དྲི་བར་མུ་མཐུད་དུ་ལན་འདེབས་གནང་པའི་ནང་། རྒྱ་ནག་དང་གཞུང་གཞན་སུ་གང་ཞིག་ལ་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ལས་འགན་དང་འབྲེལ་བ་གང་ཡང་མེད་རུང་། རྒྱ་ནག་གཞུང་གིས་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོས་ངོས་འཛིན་མཛད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས། རྒྱལ་མཚན་ནོར་བུ་ཟེར་བའི་ཁྱེའུ་དེ་༧པཎ་ཆེན་གྱི་ཡང་སྲིད་དུ་བསྐོ་གཞག་བྱས་པ་རེད་ཅེས་གསུངས་འདུག
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།