སྲིད་སྐྱོང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ངོ་སྤྲོད།
2012.12.29
༄༅༎སྲིད་སྐྱོང་མཆོག་གིས་འཛིན་རིམ་བཅུ་གཅིག་པའི་སློབ་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་འབྱུང་འགྱུར་བོད་རྒྱའི་འབྲེལ་ལམ་སྐོར་གསུང་བཤད་གནང་འདུག
ཁ་སང་ཚེས་༢༩ ཉིན་བཀའ་ཤག་ཚོགས་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་འཛིན་རིམ་བཅུ་གཉིས་པའི་སློབ་མའི་ཟབ་སྦྱོང་དེར་དགེ་ལས་ཁྱོན་མི་གྲངས་༡༢༣ ཙམ་འཛོམས་ཡོད་པ་ལ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལམ་དབུ་མ་དང་། མིང་དོན་མཚུངས་པའི་ཚད་མཐོའི་རང་སྲིད་རང་སྐྱོང་སྐོར་དང༌། ད་དུང་ཉེ་ལམ་རྒྱ་ནག་ནང་འགོ་ཁྲིད་གསར་པ་ཚོ་འཕོ་འགྱུར་བྱུང་སྐོར་དང་། དམིགས་བསལ་བོད་དང་འབྲེལ་བའི་རྒྱབ་ལྗོངས། འཛམ་གླིང་སྤྱི་དང་ཨེ་ཤི་ཡའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་སྐོར་འགྲེལ་བཤད་གནང་འདུག
མཐར་མཇུག་ཏུ་སྲིད་སྐྱོང་མཆོག་ནས། ང་རང་སློབ་གྲྭར་འགྲིམས་པའི་སྐབས་ཀྱི་ཆ་རྐྱེན་མ་འདང་བ་ཁག་ཁྱེད་ཚོར་རག་ཐབས་བྱེད་བཞིན་ཡོད་པས། ཁྱེད་ཚོས་ཀྱང་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ཆབས་ཅིག་བོད་མི་དྲང་པོ་ཞིག་དང་། སྙིང་སྟོབས་ལྡན་པ་ཞིག་བྱེད་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་འདུག།