སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་སྐོར་བསྐྱོད།


2016.02.11
སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་ནང་ཕྱོགས་བསྐྱོད། སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་ནང་ཕྱོགས་བསྐྱོད། ༢༠༡༦།༢།༡༠
དྲ་བཤུས།/FB

སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་འགོ་ཚུགས་གནང་བ།
དེ་ཡང་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅོ་ལྔ་བའི་བཀའ་ཤག་གི་མ་འོངས་སྲིད་སྐྱོང་འོས་མི། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་འགོ་བཙུགས་གནང་ཡོད་པ་རེད།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བོད་ཀྱི་ལོ་གསར་ཚེས་༡ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་ལྡི་ལི་བརྒྱུད་ཁ་སང་བོད་ཀྱི་ལོ་གསར་ཚེས་༢སྟེ་ཕྱི་ཚེས་༡༠ཉིན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་མིའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་གཞིས་ཆགས་དེའི་མི་དམངས་དང་མཇལ་འཕྲད་ཀྱིས་ཁོང་སྲིད་སྐྱོང་དུ་བཞེངས་དགོས་པའི་དམིགས་ཡུལ་དང་། སྲིད་སྐྱོང་དུ་འོས་ཐོབ་འབྱུང་ཚེ་གཞུང་གི་ལས་དོན་བྱ་ཕྱོགས་སོགས་ཀྱི་སྐོར་གསལ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་སོགས་གནང་འདུག
དེ་རིང་ཕྱི་ཚེས་༡༡ཉིན་མིའོ་གཞིས་ཆགས་ནས་ཏེ་ཛུར་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་༡༢ ཉིན་ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་དམངས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
འདི་ག་རླུང་འཕྲིན་ཁང་དུ་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་བསྐོར་བསྐྱོད་ཀྱི་མཛད་འཆར་ཞིག་ལག་ཐོབ་བྱུང་བ་གཞིར་བཟུང་ལྟར་ན། ཕྱི་ཚེས་༡༣དང་༡༤ ཉིན་སོ་སོར་གྷ་ཡ་དང༌། རྡོ་རྗེ་གདན་ས་ཁུལ་གྱི་བོད་རིགས་རྣམས་དང་མཇལ་འཕྲད་གནང་རྗེས། ཕྱི་ཚེས་༡༥ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་རུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་༡༦དང་༡༧ཉིན་གཉིས་རིང་འབྲས་ལྗོངས་སུ་ཡོད་པའི་ར་སྦང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས། དེ་ནས་ཀ་ལིམ་པོང་དང་། རྡོ་རྗེ་གླིང་བཅས་སུ་ཕེབས་རྒྱུ་ཡིན་འདུག
ཕྱི་ཚེས་༡༨ཉིན་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ཕྱི་ཚེས་༡༩ཉིན་ཨོ་རི་ཕུན་ཚོགས་གླིང་གཞིས་ཆགས་དང་། ཚེས་༢༠ཉིན་མན་པཊ་ཕན་བདེ་གླིང་གཞིས་ཆགས། ཕྱི་ཚེས་ ༢༡ཉིན་སྦན་དྷ་ར་ནོར་གླིང་གཞིས་ཆགས། དེ་ནས་རིམ་པས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཧོན་སུར་དང་། ཀོ་ལི་གྷལ། སྦེལ་ཀོབ་དང་མོན་གྷོ་ཌ། དེ་ནས་ལྡི་ལི་དང་། སྡེ་ར་ལྡུན། སིམ་ལ་དང་མ་ནཱ་ལི། སྦིར་བཅས་སུ་རིམ་པས་བསྐོར་བསྐྱོད་འགྲུབ་རྗེས། ཕྱི་ཟླ་གསུམ་པའི་ཚེས་༦ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎