ཤེ་རེན་སི་ཀྲོན་ལ་ཧྲང་ཧད་གློག་བརྙན་དུས་སྟོན་ལ་མགྲོན་འབོད་བྱས་མི་འདུག

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧ་ཡེ་ནང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚོགས་སྐབས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ཤེ་རོན་སི་ཀྲོན་མགྲོན་འབོད་ཞུ་འཆར་མེད་པ་རེད།

2008.06.04

༄༅༎ཨ་མི་རི་ཀའི་གློག་བརྙན་འཁྲབ་སྟོན་གྲགས་ཅན་ལྕམ་ཤེ་རོན་སི་ཀྲོན་ཡིས་རྒྱ་ནག་ནང་ས་ཡོམ་རྒྱབ་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་བཙན་དབང་བྱས་པས་ལས་འབྲས་འཁོར་བའི་སྐོར་གསུངས་པའི་རྐྱེན་གྱིས་ ཁོང་འདི་ལོའི་ཧྲང་ཧ་ཡེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནང་མགྲོན་འབོད་གནང་འཆར་མི་འདུག་

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧ་ཡེ་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གོ་སྒྲིག་ཞུ་མཁན་ཚོགས་པའི་མགྲིན་ཚབ་པ་ཐང་པིང་ནས་སྔ་ལོ་ཧྲང་ཧ་ཡེ་ནང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཚོགས་སྐབས་ཤེ་རོན་སི་ཀྲོན་གདན་ཞུ་ཞུས་ཀྱང་ འདི་ལོའི་ཡང་བསྐྱར་མགྲོན་འབོད་ཞུ་རྒྱུ་མིན་ལུགས་དང་ གློག་བརྙན་དུས་ཆེན་གོ་སྒྲིག་ཞུ་མཁན་ཚོགས་པས་ཤེ་རོན་སི་ཀྲོན་ལ་ཡི་གེ་ཞིག་བཏང་བའི་ནང་ ཁོང་ནས་གོང་ཞུས་གཏམ་བཤད་གནང་བར་ངོ་རྒོལ་ཡོད་པ་དང་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་ལུགས་བརྗོད་འདུག དེའི་གོང་ལ་ཤེ་རོན་སི་ཀྲོན་ནས་ཁོང་གིས་གོང་ཞུས་གཏམ་བཤད་གནང་བ་དེས་རྒྱ་ནག་མི་མང་ལ་ཕོག་ཐུག་བཏང་བར་སྙིང་ཐག་པ་ནས་དགོངས་དག་ཞུས་པ་མ་ཟད་ ས་ཡོམ་གྱི་ངལ་སེལ་ལས་དོན་ནང་ཁོང་ལྷན་བཞུགས་གནང་རྒྱུའི་དང་བླང་ཡང་འདོན་གནང་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎