ཟས་བཅད་ཀྱི་དགོས་འདུན་དྲུང་ཆེེར་སྙན་སེང་ཞུ་རྒྱུའི་ཁས་ལེན་།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས་བོད་མི་ཟས་བཅད་ངོ་རྒོལ་བ་གསུམ་ཐུག་འཕྲད་དུ་ཕེབས་འདུག

2012.03.13

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་ཁྲིད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་དོན་ཚན་ཁག་ཅིག་བཏོན་པ་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གཉིས་ལ་སྙན་གསེང་ཞུ་རྒྱུ་ཁས་ལེན་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོཁྲིད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ཏེ་ཉིན་གྲངས་༢༠ ཕྱིན་པའི་ཉིན་ཏེ་ཕྱི་ཟླ་གསུམ་པའི་ཚེས་༡༢ རེས་གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཕྱག་རོགས་སྐུ་ཞབས་ཨའེ་ལྦན་སི་མོ་ནོ་ལྦིཆ་མཆོག་ཟས་བཅད་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་གསུམ་ཐུག་འཕྲད་དུ་ཕེབས་ཏེ། ཟས་བཅད་ངོ་རྒོལ་གནང་མཁན་བོད་མི་གསུམ་པོའི་སྐུ་གཟུགས་ཀྱི་གནས་སྟངས་ལ་ཧ་ཅང་གི་ཐུགས་འཚབ་ཆེན་པོ་ཡོད་པའི་བཀའ་མོལ་གསུང་པ་མ་ཟད། ཁོང་རང་ཉིད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ན་ལྦ་ནེ་ཐེམ་པི་ལའེ་གཉིས་དང་ཐད་ཀར་འབྲེལ་གཏུགས་ཞུས་ཏེ་ཁྱེད་རྣམ་པའི་དགོས་འདུན་ཁག་སྙན་གསེང་ཞུ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། ད་དུང་སྐུ་ཞབས་ཨའེ་ལྦེན་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཁོང་གི་ལས་ཁུངས་སུ་གདན་ཞུ་གནང་སྟེ། བོད་ནང་གི་གནས་སྟངས་དང༌། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྐོར་ལ་བཀའ་བསྡུར་གནང་ཡོད་ཅིང༌། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་དམག་ཁྲིམས་བསྡམས་པ་ལྟ་བུའི་དྲག་གནོན་གྱི་བྱ་ཕྱོགས་ལག་བསྟར་བྱས་ཏེ་བོད་ནང་གི་གནས་སྟངས་ཧ་ཅང་གི་ཇེ་སྡུག་དང་ཛ་དྲག་ཏུ་འགྲོ་གི་ཡོད་པ་དང༌། བོད་ནང་གི་བོད་མི་ཚོའི་ཚེ་སྲོག་འཕྲོ་བརླག་ཏུ་མི་འགྲོ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འཕྲལ་དུ་བར་འདུམ་གྱི་འགན་འཁུར་བཞེས་དགོས་པའི་བསྐྱར་དུ་འབོད་སྐུལ་ནན་པོ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎