ར་ཤི་ཡའི་གྲོས་ཚོགས་ཚོགས་གཙོ་དང་རྒྱ་ནག་འཐུས་མི་མཇལ།

ར་ཤི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་མཇལ་འཕྲད་བྱུང་འདུག

2010.06.06

༄༅༎དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧྰ་གསར་ཤོག་ཐོག་ལ། རེས་གཟའ་པ་སངས་ཉིན་ར་ཤི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྦོ་རི་སི་གར་ཛི་ལོལྦ་དང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲི་ལི་གཉིས་མཇལ་འཛོམས་གྲོས་མོལ་གནང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

ཁྲེན་ཀྲི་ལི་ནི་རྒྱ་ནག་གི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ར་ཤི་ཡའི་ནང་ཚོགས་པའི་རྒྱ་ནག་དང་ར་ཤི་ཡའི་བུད་མེད་ཀྱི་རིག་གཞུང་གཟའ་འཁོར་ཞེས་པའི་དུས་དྲན་ཐེངས་དྲུག་པ་དང་རྒྱ་ནག་དང་ར་ཤི་ཡའི་བུ་མེད་ཀྱི་གླེང་སྟེགས་ཐེངས་བཞི་པའི་འགོ་འབྱེད་མཛད་སྒོའི་ནང་མཉམ་ཞུགས་བྱེད་པར་རེས་གཟའ་ཕུར་བུའི་ཉིན་ར་ཤི་ཡར་འབྱོར་བ་དང༌། རེས་གཟའ་པ་སངས་ཉིན་ར་ཤི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྦོ་རི་སི་དང་མཇལ་འཕྲད་སྐབས་རྒྱལ་ཁབ་གཉིས་བར་གྱི་ཐབས་ཇུས་མཉམ་ལས་ཀྱི་ལས་དོན་མུ་མཐུད་ཡར་རྒྱས་ཕྱོགས་སུ་བསྐྱོད་བཞིན་པ་དེ་ནི་རྒྱལ་ཁབ་གཉིས་པོའི་གཞི་རྩའི་ཁེ་ཕན་ཞིག་ཡིན་པ་བཤད་ཡོད་ལུགས་ཤིང་ཧ྄་གསར་ཤོག་དེའི་ཐོག་ལུང་འདྲེན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎